559

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱབ་འཇུག
Tibetan Definition <བིཥྞུ> རྒྱ་གར་གྱི་ཧིནྡཱུའི་ལྷ་ཞིག ཁྱབ་འཇུག་གི་མིང་གི་རྣམ་གྲངས་ནི། མངོན་བརྗོད་མཁས་པའི་རྣ་རྒྱན་ལས། དགའ་བའི་དབང་པོ་གོ་བིནྡ། །ཐིག་ལེ་དྲུག་པ་འགྲོ་བའི་ཏོག །ཐ་གུའི་ལྟོ་ཅན་ (ལམ་སྣ་ཚོགས་ལ་བརྟེན་པས་ན་སྲེད་མེད་དེ། དེ་ཉིད་ཀྱི་བུ་ཡིན་པས་ན) སྲེད་མེད་བུ། །གཡོ་མེད་གླང་རྫི་ (ནི་འདི་བ་ལང་སྐྱོང་བའི་རིགས་སུ་གྱུར་པ་ན་ཆར་ཆེན་པོ་བབས་པའི་ཚེ་འདིས་རི་བོ་བཏེག་ནས་བསྲུངས་པས། དེ་ནས་བྲམ་ཟེ་རྣམས་ཀྱིས་བ་ལང་སྐྱོང་བའི་དཔོན་དུ་བསྐོས་སོ) སྐྲ་ཅན་གསོད།།(ནི་འདིས་ལྷ་མ་ཡིན་སྐྲ་ཅན་བསད་ཅེས་ཟེར་རོ) མི་ཡི་ཐེག་པ་དཔའ་བོ་རྒྱུད (ནི་མེས་པོ་དཔའ་བོ་ཞེས་བྱ་བའི་རིགས་རྒྱུད་དོ) ། །ཉེ་དབང་དཔལ་གྱི་བེའུས་མཚན (ནི་འདིའི་སྙིང་ག་ན་སྤུ་དཔལ་གྱི་བེའུའི་དབྱིབས་ཅན་ཡོད་པའོ) ། །པད་མའི་ལྟེ་བ་འོག་དབང་སྐྱེས (ནི་ཚངས་པ་སྒོ་ང་། དབང་ཕྱུག་རང་སྐྱེས། ཁྱབ་འཇུག་མངལ་སྐྱེས་ཞེས་གྲག་གོ། ཡང་ཕའི་མིང་གིས་བཏགས་ཞེས་ཀྱང་ཟེར་རོ) ། །དཔལ་གྱི་ལག་པ་གཡུང་དྲུང་ཅན། །དབྱིག་གི་ལྟེ་བ་ནབས་སོ་སྐྱེས། །སྦྱོར་བ་བརྒྱ་པ་དཔལ་གྱི་བདག །འཇུག་པ་བཅུ་པ་མིའུ་ཐུང་ (སྔོན་ལྷ་མ་ཡིན་སྟོབས་ལྡན་ལ། ཁྱབ་འཇུག་གིས་མིའུ་ཐུང་གི་གཟུགས་སུ་བྱས་ཏེ་ས་གཞི་གོམ་པ་དོ་སློངས་པས་གསུམ་ཡང་ཁྱེར་ཟེར་བས་ལུས་བསྐྱེད་དེ་རི་རབ་དང་རྒྱ་མཚོའི་མཐིལ་ལ་རྐང་པ་གཉིས་བཞག་ནས་གཅིག་གིས་མེད་པས་སྟོབས་ལྡན་གྱི་མགོ་ལ་བཞག་གོ་དེ་ནས) ། །གོམ་གསུམ་གནོན་དང་སྟོབས་ལྡན་བསླུ (སོགས་སུ་བརྗོད་དོ) ། །མཁའ་ལྡིང་རྒྱལ་མཚན་འཁོར་ལོའི་ཕྱག །ཟླ་བའི་སྙིང་པོ་པད་དཀར་མིག (ནི་འདིས་དྲག་པོ་མཆོད་པའི་ཕྱིར། པདྨ་དཀར་པོ་སྟོང་གི་གཏོར་མའི་གཟུགས་བྱས་པ་ལ། དྲག་པོས་དེ་ལས་གཅིག་མི་སྣང་བར་བྱས་པ་ན། འདིས་མིག་གཅིག་ཕྱུང་ནས་པདྨ་དཀར་པོའི་གནས་སུ་བཞག་པས་པད་དཀར་མིག་ཅེས་གྲགས་སོ) །མི་འཛག་དང་ནི་རྭ་གཞུ་ཅན། །སྣ་ཚོགས་གཟུགས་ཁྱུ་མཆོག་ལྟོ། །དགའ་བ་བརྒྱ་པ་མཐོན་པོའི་ལྷ། །སྦྱིན་སྐྱེས་དགྲ་བོ་ (ནི་ལྷ་མིན་སྦྱིན་སྐྱེས་འདིས་བསད་པས་སོ) གོས་སེར་ཅན། །མེ་ཏོག་ལྟོ་བ་མཁར་བའི་དགྲ (ནི་ལྷ་མིན་མཁར་བ་ཞེས་པ་རྐང་པ་གཉིས་ནས་འཐེན་ཏེ་བཀས་ནས་བསད་པས་སོ) ། །མི་ཡི་སེངྒེ་ (འགྲོ་བ་མཐའ་དག་འདི་ཡིས་ཁྱབ་ཅིང་བཅིངས་པའི་ཕྱིར) ཁྱབ་འཇུག་གོ། ཞེས་འབྱུང་བ་ལྟར་རོ། །