5591

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟེན་པ
Tibetan Definition 1 (བྱེད་འབྲེལ་འདས་མ་འོངས) བསྙེན་པའི་དོན་ཡིན། རྒྱས་པར་བཤད་ན། གང་ཞིག་ལ་བློ་ཉེ་ཞིང་དེའི་ཡོན་ཏན་འཐོབ་དོན་དུ་བརྩོན་པ་ལ་ཟེར། དཔེར་ན་བླ་མ་བསྟེན་ཞེས་པ་ལྟ་བུ། ཡང་ན་ཡོན་ཏན་སློབ་པའི་དོན་དུ་རེ་བ་ཞུ་བ། སྒྲ་བཤད་ནི། བསྟེན་པ་སྟེ་བསྙེན་པའམ་བློ་ཐག་ཉེ་པོ་བྱེད་པས་ན་དེ་སྐད་ཅེས་བྱའོ། །བསྟེན་པ་དང་བསྙེན་པ་གཉིས་དོན་འདྲ་བར་འཇུག་ཚུལ་ནི། དེབ་སྔོན་ལས། ཕྱི་ནས་རྗེ་བཙུན་གཞོན་ནུ་བློ་གྲོས་ཀྱི་ཞབས་དྲུང་དུ་ཡང་དག་པར་བསྙེན་ཏེ་སྡེ་སྣོད་ཕལ་ཆེ་དང༌། ཞེས་གསུངས་པ་ལྟར་རོ། །