5602

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟོད་སྔགས
Tibetan Definition ཡོན་ཏན་བརྗོད་པ། སྤྱིར་བསྟོད་པ་དང་སྔགས་པ་གཉིས་དོན་གཅིག་ཡིན་ཀྱང༌། ནང་གསེས་ཀྱི་ཁྱད་པར་ཕྲ་མོ་ཡོད་དེ། བསྟོད་པ་ནི་སྤྱིར་བཏང་ཡོན་ཏན་བརྗོད་པ། བསྔགས་པ་ནི་གཞན་གྱིས་རང་ལ་དྲིས་པ་ན་ཡོན་ཏན་བརྗོད་པ་ལ་ཟེར་ཏེ། ལུང་ཕྲན་ཚེགས་ཀྱི་རྣམ་བཤད་ལས། བསྟོད་པ་ནི་ཡོན་ཏན་བརྗོད་པའི་སྒོ་ནས་སོ། །ཞེས་དང༌། བསྔགས་པ་ནི་གཞན་གྱིས་དྲིས་པ་ན་ཡོན་ཏན་བརྗོད་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །