5612

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྡོགས་པ
Tibetan Definition 1 (བྱེད་འབྲེལ་ལས་ཚིག་འདས་པ) གྲབས་བཤམས་པ། སྟ་གོན་བྱས་པ། གྲ་སྒྲིག་བྱས་པ། དཔེར་ན་ཉེར་བསྡོགས་ཞེས་པ་ལྟ་བུ། འདུལ་བ་ལུང་རྣམ་འབྱེད་གླེགས་བམ་དང་པོ་༼ ཅ་པ ༽༤༠ན༢ལས། གྲུ་བཙས་མེད་པར་ཡུལ་གཞན་དུ་འགྲོ་བར་སྤྲོ་བ་གང་ཡིན་པ་དེས་ཡུལ་གཞན་དུ་འགྲོ་བ་དང་མཐུན་པའི་ཟོང་བསྡོགས་ཤིག་ཅེས་གསུངས་པ་ལྟར་རོ། །སྡོག་པ། བསྡོགས་པ། བསྡོག་པ། སྡོགས། གོང་གི་ལུང་རྣམ་འབྱེད་ལས་བསྡོགས་ཤིག་ཅེས་སྐུལ་ཚིག་ཏུ་གསུངས་ཀྱང་ཡི་གེ་དག་མིན་དཔྱད་པར་འོས་སོ། །