From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| བསྲེལ་བ
|
| Tibetan Definition
|
(སྲེལ་བའི་འདས་མ་འོངས) (འདུལ་བ) 1 ཡོད་པ། ལྡན་པ། བཅང་བ། འཆང་བ། ཏིང་ངེ་འཛིན་རྒྱལ་པོའི་མདོ་རྗེའི་ལམ་རིམ་དུ་དྲངས་པ་ལས། དེ་ལྟར་བསྔགས་པ་བརྗོད་པ་ཡི། །ཙན་དན་ཅུང་ཟད་བསྲེལ་ཏམ་ཞེས། །སྐྱེས་བུ་ལ་ལས་དེ་དྲིས་ན། །ཞེས་གསུངས་པ་ལྟ་བུའོ། །མདོ་རྩ་བ་ལས། དགེ་འདུན་གྱིས་མགར་སྤྱད་དག་བསྲེལ་བར་བྱའོ། །ཞེས་དང་། དེའི་ཐད་ཀྱི་མདོ་རྩ་རང་འགྲེལ་ལས། དགེ་འདུན་གྱིས་མགར་སྤྱད་དག་བསྲེལ་བར་བྱའོ། །ཞེས་གསུངས་པ་ལྟ་བུའོ། །2 (འདུལ་བ) བདག་གཉེར་བྱེད་པ། ཉར་ཚགས་བྱེད་པ། དཔེར་ན་མཚོ་ཊཱིཀ་ལས། དགེ་འདུན་གྱི་གཡོག་ཏུ་བསྲེལ་བའི་མི་གང་དག་རབ་ཏུ་མ་བྱུང་བ་དེ་དག་ཡིན་ཏེ། ཞེས་གསུངས་པ་ལྟ་བུ། 3 (འདུལ་བ) བཀག་ཉར་བྱེད་པ། འདུལ་བ་མདོ་རྩ་བ་ལས། རབ་ཏུ་འབྱུང་བར་འདོད་པ་ཕ་མ་གསོན་ཞིང་དེ་གཉིས་ཀྱིས་མ་གནང་བ་ཡུལ་ཐག་མི་རིང་བ་ནི་ཞག་བདུན་པ་བསྲེལ་བར་བྱའོ། །དེ་ཡུལ་ཐ་ག་རིང་ན་ཡང་དགེ་འདུན་ལ་མ་ཞུས་པར་རབ་ཏུ་དབྱུང་བར་མི་བྱའོ། །ཞེས་གསུངས་པ་ལྟར་རོ། །མཚོ་ཊཱིཀ་ལས་ཀྱང་། རྗེས་བཅས་ལ་ཕ་མས་མ་གནང་བ་རབ་ཏུ་འབྱིན་པ་བཀག་པའི་ཕྱིར། མ་གནང་ན་རབ་ཏུ་འབྱིན་པས་རབ་ཏུ་མི་འབྱིན་པ་དེ་ཞག་བདུན་བསྲེལ་ཡང་དོན་མེད་པའི་ཕྱིར་དང༌། གནང་ན་ནི་འོངས་མ་ཐག་ཏུ་དབྱུང་སྟེ་ཞག་བདུན་བསྲེལ་མི་དགོས་པའི་ཕྱིར་ཞེས་འཆད་དེ། ཞེས་གསུངས། རྒྱས་པར་མཚོ་ཊཱིཀ་ལ་གཟིགས། 4 སྤེལ་བའམ་འཕེལ་བ། རིང་བསྲེལ་ཞེས་པ་ལྟ་བུ། ངག་སྒྲོན་འགྲེལ་པ་ཁ་ནུ་བླ་མས་མཛད་པ་སོགས་སུ་བཤད་དོ། །5 བསྐྱལ་བ་ལའང་འཇུག་སྟེ། རྣམ་འབྱེད་འགྲེལ་༼ ཚུ ༽༡༦༡ན༢ལས། བསྲེལ་བགྱིའོ་ཞེས་བྱ་བ་ནི་བསྐྱལ་བར་བྱ་བའོ། །ཞེས་གསུངས་སོ། །
|