5626

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྲོ་ཁང༌
Tibetan Definition (འདུལ་བ) 1 ཁྲུས་ཀྱི་ཆོ་ག་ཡོ་བྱད་དང་བཅས་པ་ལ། འདུལ་བ་གཞིའི་རྒྱ་ཆེར་བཤད་པ་ལས་གསུངས། བསྲོ་ཁང་ནི་ཁྲུས། དཀུ་མཉེ། དྲིལ་ཕྱི། མེ། སྟན་རྣམས་ཀྱི་མིང་ཡིན་པར་སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་ལས་གསུངས། འདི་གོང་དུ་འདུལ་བ་གཞིི་རྒྱ་ཆེར་འགྲེལ་པ་ལས་བསྲོ་ཁང་གི་གོ་དོན་ལ་ཁྲུས་ཀྱི་ཆོ་ག་ཡོ་བྱད་དང་བཅས་པ་ཞེས་པའི་ནང་དུ་དཀུ་མཉེ་དང་། དྲིལ་ཕྱི་དང་། མེ་སོགས་འབྱུང་བས་དེ་དང་ཡང་དོན་གཅིག་ཏུ་འབབ་བོ། །འདི་ལ་བསྲོ་ཁང་། སྲོ་ཁང་། བསྲོ་གང་། སྲོ་གང་ཞེས་འབྲི་ཚུལ་མི་འདྲ་བ་བཞི་ཙམ་སྣང་བ་ལས། ཐ་མ་འདི་ལི་གུར་རང་ལུགས་སུ་མཛད། བསྲོ་གང་གི་སྒྲ་བཤད་ལ། དབྱངས་ཅན་དགའ་བློས། ལུས་མེར་བསྲོ་ཞིང་བ་སྤུའི་བུ་ག་སྣུམ་གྱིས་གང་བར་བྱེད་པས་ན་བསྲོ་གང་ཟེར་ཞེས་འབྱུང་ཡང་། ད་དུང་དཔྱད་པར་འོས་སོ། །ལི་ཤིའི་གུར་ཁང་ལས། འདི་ལ་སྲ་སྒོང་ཞེས་པའང་སྣང་། ཞེས་ཀྱང་གསུངས་སོ། །2 དགེ་སློང་རླུང་ནད་ཅན་གྱིས་ལུས་མེར་སྲོས་ནས་བྱུག་པ་བྱེད་པའི་གནས་ཁྱད་པར་བ་ཞིག་ལ་བསྲོ་ཁང་ཟེར། ཞེས་དངུལ་ཆུ་གསུང་། 3 དགུན་གྱི་དུས་སུ་མལ་ཁྲི་འོག་ན་མེ་འཇོག་ས་ཡོད་པ་དེ་ལ་ཟེར། དེ་ལ་དུགས་ཁང་ཡང་ཟེར། ཀློང་རྡོལ་བླ་མ་གསུང༌། རྒྱ་མིས་འདི་ལ་ “ཀང” kang ཟེར་གྱི་ཡོད་འདུག འདི་རྒྱ་ནག་གི་གྲང་ངར་ཆེ་བའི་བྱང་ཤར་གྱི་ས་ཁུལ་དུ་ཡོད་ཅིང༌། གོང་དུ་བཤད་པ་ལྟར་འོག་ཏུ་མེ་བཞག་ནས་ལུས་སྲོ་བའམ་དྲོ་བར་བྱེད་པའི་ས་ཡིས་བཟོས་པའི་ཉལ་ཁྲི་ཞིག་དང༌། སྐབས་རེར་གསོལ་སྟོན་གྱི་སྐབས་ཅོག་ཙེའི་ཚབ་ཀྱང་བྱེད། ཅེས་རྒྱ་ནག་ནས་བྲོས་པ་ “Escape from China” ཞེས་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བའི་སློབ་ཕྲུག་ཞང་བྷོ་ལིའི་ “Zhang Boli” ཁོང་རང་གི་མི་ཚེའི་ལོ་རྒྱུས་དེབ་ཤོག་གྲངས་༢༢ཀྱི་མཆན་ཡིག་ནང་འཁོད།