5645

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསླབ་བྱིན
Tibetan Definition (འདུལ་བ) 1 ཕམ་པ་འཆབ་མེད་ཀྱིས་གོས་ཤིང་དེའི་ཆད་ལས་ལ་གནས་པའི་དགེ་སློང་ཕ་མ། ཕམ་པ་འཆབ་མེད་འདག་པར་བྱ་བའི་དོན་དུ་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་ཞིང༌། དམན་སྤྱོད་ལྔ་དང་དུ་ལེན་པར་བྱེད་པའི་བསླབ་པ་བྱིན་ཞིང༌། བསླབ་པ་དེ་དག་ཉམས་སུ་ལེན་པར་བྱེད་པའི་དགེ་སློང་ཕ་མ། 2 ཕམ་པ་འཆབ་མེད་ཀྱིས་གོས་པའི་དགེ་སློང་ལ་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་ཞིང༌། དམན་སྤྱོད་ལྔ་དང་དུ་ལེན་པའི་སྤྱོད་པ་འབོགས་པའོ། །3 ཕམ་འདྲའི་ཉེས་བྱས་ཀྱིས་གོས་ཤིང་དེ་འདྲའི་ཉེས་བྱས་འདག་པའི་དོན་དུ་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་ཞིང༌། དམན་སྤྱོད་ལྔ་དང་དུ་ལེན་པའི་ཆད་ལས་ལ་ཞུགས་པའི་དགེ་ཚུལ་ཕ་མ། 4 ཕམ་འདྲའི་ཉེས་བྱས་ཀྱིས་གོས་པའི་དགེ་ཚུལ་ལ་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་ཞིང༌། དམན་སྤྱོད་ལྔ་དང་དུ་ལེན་པའི་སྤྱོད་པ་འབོགས་པའོ། །