5658

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བི་ནཱ་ཡ་ཀཱ
Tibetan Definition (ལེགས་སྦྱར) ལོག་འདྲེན་ཏེ། དབང་ཕྱུག་ཆེན་པོའི་བུ་ཚོགས་བདག་གླང་སྣའི་མིང༌། མིང་གཞན་ག་ཎ་པ་ཏི་ गणपति དང་། ག་ཎེ་ཤ་ गणेश ཟེར་བ་དེའོ། །िवनायका བི་ནཱ་ཡ་ཀཱ་ཞེས་པ་ཐད་བསྒྱུར་བྱས་ན། བི་རྣམ་པ། ནཱ་ཡ་ཀཱ་འདྲེན་པ་ཡིན་ཀྱང༌། ལོ་ཙྪ་བ་མཁས་པ་རྣམས་ཀྱིས་སངས་རྒྱས་ལ་ཡང་རྣམ་འདྲེན་ཞེས་མང་དུ་གསུངས་པས་ཁྱད་པར་བསྟན་པའི་དོན་དུ་ལོག་འདྲེན་དུ་བསྒྱུར་རོ། །དེ་ལ་བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀཱ་ཟེར། རྗེའི་འགྲེལ་པ་བཞི་སྦྲགས་ལ་གཞི་བྱས་ཏེ་བཀོད། བི་ནཱ་ཡ་ཀཱ་ཞེས་པ་ཡོངས་སུ་གྲགས་པའི་འབྲི་ཚུལ་ཡིན་མོད། འོན་ཀྱང་ཝི་ནཱ་ཡ་ཀཱ་ཞེས་བྲིས་ན་ལེགས་པར་སེམས། ༡ ཚོགས་ཀྱི་བདག་པོ་གསང་བའི་སྒྲུབ་ཐབས་སློབ་དཔོན་དོན་ཡོད་རྡོ་རྗེས་མཛད་པ། ༢ འཕགས་པ་ཚོགས་ཀྱི་བདག་པོ་ཆགས་པ་རྡོ་རྗེའི་དམ་ཚིག་གི་བསྟོད་པ་དཔལ་མར་མེ་མཛད་ཡེ་ཤེས་ཏེ་ཨ་ཏི་ཤས་མཛད་པ། ༣ སྤྲིན་གྱི་སྒྲོན་མ་ཚིགས་ཀྱི་བདག་པོ་སྒྲུབ་པའི་ཐབས་སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པ། ༤ དཔལ་ཚོགས་ཀྱི་བདག་པོ་འཇུར་གེགས་སེལ་བ་ཞེས་བྱ་བའི་སྒྲུབ་ཐབས་ཨིནྡྲ་བྷཱུ་ཏིས་མཛད་པ། ༥ ཚོགས་བདག་གི་སྒྲུབ་པ་དབུལ་བ་གཏེར་སྦྱིན་ཞེས་བྱ་བ་དཔལ་མར་མེ་མཛད་བཟང་པོས་མཛད་པ་བཅས་བསྟན་འགྱུར་ནང་བདག་གིས་མཐོང་བ་དེ་ཙམ་མོ། །