5660

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བི་རཱུ་པ
Tibetan Definition རྒྱལ་སྲས་ཞི་བ་ལྷ་དང་དུས་མཚུངས་པར་བྱོན་པའི་རྒྱ་གར་གྱི་སློབ་དཔོན་ཞིག སློབ་དཔོན་ཕྱོགས་ཀྱི་གླང་པོའི་སློབ་མ་སློབ་དཔོན་ཆོས་སྐྱོང་ཞེས་བྱ་བ་དེའི་སློབ་མ་ཡིན་པར་བཤད། ལོ་རྒྱུས་ཐུང་ཙམ་ཞིག་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ཤོག་གྲངས་༡༦༨ན་གསལ་ལ། ཡང་ཐུའུ་བཀྭན་གྲུབ་མཐའ་༡༩༤ལས་འཕགས་པ་ཀླུ་སྒྲུབ་ཀྱི་སློབ་མ་ཤཱཀྱ་བཤེས་གཉེན། དེའི་སློབ་མ་འབར་བའི་གཙོ་བོ། དེའི་སློབ་མ་གནས་བརྟན་དཔལ་ལྡན་ཆོས་སྐྱོང་། དེ་ཉིད་སྤྱོད་པ་ལ་གཤེགས་པའི་མཚན་བིར་ཝ་པར་གྲགས། དེའི་སློབ་མ་ཌོམྦྷི་ཧེ་རུ་ཀ། དེའི་སློབ་མ་མི་ཐུབ་ཟླ་བའམ་པྲཛྙཱ་ཨིནྡྲ་རུ་ཙི། དེ་ཉིད་ལ་བླ་ཆེན་འབྲོག་མིས་ལོ་བཞིར་གསང་སྔགས་གསན་ཚུལ་སོགས་གསུངས། དུང་དཀར་ཚིག་མཛོད་དང་ལམ་འབྲས་བླ་མ་བརྒྱུད་པའི་རྣམ་ཐར་སོགས་སུའང་བཤད་ཚུལ་ཕྱི་མ་དང་མཐུན་པར་བཤད་སྣང་བས། གང་ཟག་གཅིག་ཉིད་ལ་ལོ་རྒྱུས་མི་མཐུན་པ་གཉིས་འབྱུང་བས་དཔྱད་པར་འོས་སོ། །