5661

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བི་ཤྭ་ཀརྨ
Tibetan Definition གཟོ་བོ་བི་ཤྭ་ཀརྨ་ཞེས་བྱ་བ་སངས་རྒྱས་ཞལ་བཞུགས་དུས་ཀྱི་གཟོ་བོ་ཞིག འདིས་ལྷ་སའི་ཇོ་བོ་མི་བསྐྱོད་རྡོ་རྗེ་དང༌། ཇོ་བོ་ཤཱཀྱ་མུ་ནི་དང༌། ཡང་སྟོན་པ་ཉེར་ལྔའི་སྐུ་ཚད་ (འདི་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷ་ཡུལ་དུ་གདན་དྲངས་པར་བཤད) ཅན། གཞན་ཡང་ཕྱིའི་རྒྱ་མཚོ་ཆེན་པོའི་ནང་དུ་ཡོད་པའི་ལོངས་སྐུ་རྣམ་སྣང་གངས་ཅན་མཚོ་སྐུ་དཔག་ཚད་བརྒྱད་བཅུ་པའི་རྟེན་མཆོག་དེ་ཡང་གཟོ་བོ་འདི་ཉིད་ཀྱིས་བཞེངས་པར་བཤད། འདིས་ཇོ་ཤཱཀ་རྣམ་གཉིས་བཞེངས་སྐབས་སྟོན་པའི་ཞབས་ཀྱི་ཐེའུ་ཆུང་ལ་ཐིག་སྐུད་བཏགས་ནས་ཚད་འཇལ་བར་བརྩམས་པའི་ཚེ་ཇི་ཙམ་འཇལ་ཡང་ཚད་མ་ལོན་ནས། འོད་མདངས་དགའ་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དགའ་དཔལ་ཞེས་བྱ་བའི་དྲུང་དུ་སླེབས། མཐར་སྟོན་པས་སངས་རྒྱས་ཀྱི་སྐུ་ཡི་ཚད་སུས་ཀྱི་རྟོགས་མི་ནུས་པས་སྐུ་ཡི་ཚད་ལ་རྟོག་པ་ཞོག་གསུངས་ནས་སྟོན་པ་ཉིད་ཀྱིས་ཞལ་བཀོད་མཛད་ནས་ཇོ་བོ་ཤཱཀྱ་མུ་ནི་དང་ཇོ་བོ་མི་བསྐྱོད་རྡོ་རྗེ་སོགས་བཞེངས་པར་བཤད། ཞིབ་པ་ཆོས་འབྱུང་མཁས་པའི་དགའ་སྟོན་ཤོག་གྲངས་༧༦སོགས་ལ་གཟིགས།