5666

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བིམ་པ
Tibetan Definition (ལེགས་སྦྱར) 1 གཟུགས་བརྙན་ཅན་ཞེས་བྱ་བ་ཤིན་ཏུ་དྭངས་པའི་གཟུགས་བརྙན་འཆར་བའི་ཤིང་འབྲས་ཤིག དེ་ལ་ཕལ་སྐད་དུ་ཀནྟུ་ར་ཟེར་ཞེས་རྒྱལ་མཆོག་བདུན་པས་གསུངས། ཡང༌། འཕགས་བོད་ཤན་སྦྱར་འགར། བིམ་པ་ནི་རྒྱ་སྐྱེགས་ཀྱི་འབྲས་བུ་དམར་པོ་སོགས་ཡིན་ཏེ། འགྲེལ་པ་ཟླ་ཟེར་ལས། བིམ་པ་ནི། ཛིན་མུར་ཀའོ། །མིང་གི་རྣམ་གྲངས་གཞན་ཡང་འབྲས་བུ་དམར་པོ་ཞེས་བྱའོ། །ཞེས་གསུངས། 2 བིམ་པ་ལྟར་དམར་ཞེས་པ་ནི། རྒྱ་སྐྱེགས་མེ་ཏོག་ལ་ཤོང་བློ་གྲོས་བརྟན་པས་བཤད། ཅེས་ཀློང་རྡོལ་བླ་མ་གསུང༌། 3 རྒྱའི་སྐད་དུ་ “ཕིན་གོ” ཟེར་བའི་ཤིང་ཏོག་གི་མིང་ཡིན་པར་དག་ཡིག་གསར་བསྒྲིགས་ལས་བཤད།