5672

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བུ
Tibetan Definition <པུཏྲ> 1 ཕྲུག་གུ་ཕོའི་མིང་། དཔེར་ན་བུ་དང་བུ་མོ་ཞེས་པ་ལྟ་བུ། བུའི་མིང་གི་རྣམ་གྲངས་ནི། བདག་སྐྱེས། ལུས་འཕེལ་བཅས་སོ། །སྒྲ་བཤད་ནི། བུ་དང་འུ་ཞེས་པ་ཆུང་བའི་ཆ་ནས་བཏགས་པར་སེམས་ཏེ། དཔེར་ན་རྡོ་ཆུང་ཆུང་ལ་རྡེའུ་དང་། ཤིང་ཆུང་ཆུང་ལ། ཤིང་བུ་ཟེར་བ་ལྟ་བུའོ། །2 ཕྲུག་གུ་སྤྱིའི་མིང་། བུ་ཕྲུག་ཅེས་པ་ལྟ་བུ། རྗེའི་རིམ་ལྔ་གསལ་སྒྲོན་ལས། འདི་ནི་དཔེར་ན་བུ་ནི་བུ་ཕོ་དང་བུ་མོ་གཉིས་ཀའི་དབྱེ་གཞི་ཡིན་ཀྱང༌། བུ་ཕོ་ལ་བུ་ཞེས་སྤྱི་མིང་སྒོས་ལ་བཏགས་པ་ལྟར་རྣལ་འབྱོར་གྱི་རྒྱུད་ནི་ཐབས་ཤེས་གཉིས་ཀ་(འི་རྒྱུད) ལ་འཇུག་ཀྱང་ཐབས་རྒྱུད་ལ་རྣལ་འབྱོར་རྒྱུད་ཅེས་སྤྱི་མིང་སྒོས་ལ་བཏགས་པའོ། །ཞེས་གསུངས་པ་ལྟར་རོ། །3 མི་ཕོའི་མིང་། བུ་རྒོད་ཅེས་པ་ལྟ་བུ།