5687

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བུ་སྟོན་ཁ་ཆེ
Tibetan Definition བུ་སྟོན་རིན་ཆེན་གྲུབ་ཀྱི་མཚན་གྱི་རྣམ་གྲངས་ཤིག བུ་སྟོན་ཆོས་འབྱུང་ལས། ནེ་ཙོ་ལྟ་བུས་བུ་སྟོན་ཁ་ཆེས་བྲིས། །ཞེས་གསུངས། ཁ་ཆེ་ཞེས་བརྗོད་པའི་རྒྱུ་མཚན་ནི། གཟུགས་བྱད་མི་མཛེས་ཤིང་ཞལ་སྒྲོས་ཆེ་བ་ཞིག་ལ་ཁ་ཆེ་ཞེས་འབོད་པའི་གསུང་རྒྱུན་ཞིག་དང་། ཡང་དེབ་ཐེར་དཀར་པོར་སྣ་བོ་ཆེ་དང་། ཁ་ཆེ་སོགས་ཐོབ་གོ་སའི་མིང་ལས་གཟུགས་བྱད་ཀྱི་སྟེང་དུ་བཏགས་པར་མིན་པར་བཤད་ཅེས། ཚེ་ཏན་ཞབས་དྲུང་མཆོག་གི་དྲིས་ལན་ཕྱོགས་བསྒྲིགས་ན་གསལ་ལོ། །