From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་འབུམ་དཀར་ཆག
|
Tibetan Definition
|
བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་ཀྱི་གསུང་འབུམ་གྱི་མཚན་ཐོ་ནི། ༼ ཀ་པ ༽ཆོས་སྤྱིའི་འབྱུང་ཚུལ་དང་རྣམ་གཞག་བསྟན་པ་ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད་ཅེས་བྱ་བ་དང༌། བོད་དུ་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་གི་དཀར་ཆག་ཆེན་མོ།། ༼ ཁ་པ ༽སྒྲ་ཡི་བསྟན་ཆོས་ཀཱ་ལ་པའི་འགྲེལ་པ་བགྲོད་དཀའ་སེང་གེས་མཛད་པའི་འགྲེལ་པའི་དཔེར་བརྗོད་སྒྲུབ་པའི་འགྲེལ་པ་ཆེན་མོ། ཚད་མ་རྣམ་ངེས་འགྲེལ་པ་ཚིག་དོན་རབ་གསལ། སྡེ་སྣོད་འཛིན་པ་འཕགས་རིན་གྱིས་ཞུས་པ་རྣམ་ངེས་ཀྱི་མཚན་དོན། ༼ ག་པ ༽བསྟན་ཆོས་མངོན་རྟོགས་རྒྱན་གྱི་འགྲེལ་བཤད་ལུང་གི་སྙེ་མ་དང༌། དེ་ཡི་མཐོང་ལམ་ལོགས་སུ་བཤད་པའི་ལྷན་ཐབས་དང༌། ལྟ་བ་ངན་སེལ་ཞེས་བྱ་བའི་བསྟན་ཆོས། བཀའ་རྒྱས་འབྲིང་བསྡུས་གསུམ་གྱི་སྐབས་བརྒྱད་དང་དོན་བདུན་ཅུའི་མཚམས་འབྱེད། ༼ ང་པ ༽དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང༌། སངས་རྒྱས་ཀྱི་མདོ་ཡི་བསྡུས་དོན་བློ་གསར་གྱི་སྐབས་སུ་བྱས་པ་ཡིན་པས་འཁྲུག་པ་ལས་མེད་མཆིས་ཞེས་པའི་མཐའ་ཅན། རྒྱུད་བླ་མའི་དགོངས་འགྲེལ་བདེ་གཤེགས་སྙིང་པོའི་མཛེས་རྒྱན་ཞེས་བྱ་བ། ༼ ཅ་པ ༽སྤྱོད་འཇུག་གི་འགྲེལ་པ་བྱང་ཆུབ་ལམ་གྱི་རིམ་པ་རབ་ཏུ་གསལ་བར་བྱེད་པ་ཟླ་བའི་འོད་ཟེར་བྱ་བ། དེ་ཡི་བསྡུས་དོན་གསལ་བར་བྱེད་པའི་ལྡེ་མིག་ལས་དང་པོ་བའི་ཆོས་སྤྱོད་ཉམས་སུ་ལེན་པའི་ཆོ་ག་རྣམ་མཁྱེན་དུ་བགྲོད་པའི་བདེ་ལམ། བདུད་མོ་ལ་སྨོད་པའི་སྙིང་ཐུར། དྭགས་པོ་བྲུམ་པས་ཞུས་པའི་གསོན་པོའི་བསྔོ་བ། སུ་གུག་ཏི་ཤྲིས་ཞུས་པའི་གསོན་པོའི་བསྔོ་བ། མངོན་པ་ཀུན་ལས་བཏུས་ཀྱི་རྣམ་བཤད་ཉི་མའི་འོད་ཟེར། རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་བཤད་ལུང་ཀུན་ལས་བཏུས་པ། ༼ ཆ་པ ༽འདུལ་བ་སྤྱིའི་རྣམ་པར་གཞག་པ་དང༌། འདུལ་བའི་གླེང་གཞི་སྟོན་པ་རྣམ་ཐར་རྒྱས་པ། གླེང་འབུམ་རྒྱས་པ། ༼ ཇ་པ ༽དགེ་སློང་མ་ཡི་གླེང་འབུམ། དགེ་སློང་མའི་ལུང་རྣམ་འབྱེད་དོན་གསལ་བར་བྱེད་པ། ༼ ཉ་པ ༽འདུལ་བ་མདོ་རྩ་བའི་ཊཱི་ཀ། ལས་བརྒྱ་རྩ་གཅིག་གི་འགྲེལ་པ། འདུལ་བའི་ལས་ཆོག་གསལ་བྱེད། འདུལ་བའི་ལས་ཆོག་ཞར་བྱུང་ཁྱིམ་པ་ལ་ཕན་གདགས་པ་དྲི་མ་མེད་པའི་ཕྲེང་བ། དུས་སྒོ་ལྷན་ཐབས་རྣམས་སོ། །གསང་སྔགས་ཀྱི་སྐོར། ༼ ཏ་པ ༽རྒྱུད་སྡེ་བཞི་ཡི་རྣམ་གཞག་རྒྱས་འབྲིང་བསྡུས་གསུམ། རྒྱུད་འབུམ་གྱི་དཀར་ཆག་སྔར་རྒྱུད་འདྲི་བ་རྣམས་ཀྱིས་དབྱེ་བ་མ་ཤེས་འདུག་པས་རྒྱུད་ཀྱི་དབྱེ་བ་ཤེས་པའི་ཆེད་དུ་མཛད་པ་ཞེས་བྱ་བ། བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་འཕགས་མ་འོད་ཟེར་དྲི་མ་མེད་པའི་དཀྱིལ་ཆོག་འཆི་མེད་འབྱུང་གནས། གཙུག་ཏོར་རྣམ་རྒྱལ་མའི་བསྟོད་པ་འདོད་དགུའི་ཆར་འབེབས། གཙུག་ཏོར་དྲི་མེད་ཀྱི་འགྲེལ་པ་ལ་བརྟེན་ནས་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་ཆ་ཚད་དང་མཆོད་རྟེན་གྱི་ཕན་ཡོན་ལུང་སྣ་ཚོགས་བཏུས་པ། དཔའ་བོ་གཅིག་སྒྲུབ་ལ་བརྟེན་པའི་གནོད་སྦྱིན་ཕོ་འཁོར་མོ་འཁོར་བྲི་ཐབས། ཐོག་སེར་ཟློག་ཐབས། བྱ་རྒྱུད་ནོར་བུའི་རིགས་གར་མཁན་མཆོག་གི་རྒྱུད་ལ་བརྟེན་པའི་རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་སྒྲུབ་ཐབས། ཞི་དྲག་གི་རྗེས་གནང༌། བསྟོད་པ་ཆེན་མོ། ཕྱག་རྡོར་ལ་སྤྲོ་བ་ལྔ་ཡིས་བསྟོད་པ། སྤྱོད་རྒྱུད་ཀྱི་རྩ་བའི་རྒྱུད་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་དཀྱིལ་འཁོར་གྱི་ཆོ་ག་སྐུ་ཡི་བཀོད་པ་མི་ཟད་པའི་རྒྱན་གྱི་སྒོ་འབྱེད་ཅེས་བྱ་བ་རྣམས་སོ། །༼ ཐ་པ ༽ལ་རྣལ་འབྱོར་རྒྱུད་ཀྱི་བྱུང་ཚུལ་གྲུ་གཟིངས་ཞེས་བྱ་བ། རྩ་རྒྱུད་དེ་ཉིད་བསྡུས་པའི་རྒྱུད་འགྲེལ་དེ་ཉིད་སྣང་རྒྱན་ཞེས་བྱ་བ་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་འབྱུང་བའི་འགྲེལ་པ། རྡོར་དབྱིངས་ཀྱི་ལག་ལེན་ཆོ་ག་རིན་ཆེན་བསམ་འཕེལ། རྡོར་དབྱིངས་ཀྱི་གཞལ་ཡས་ཁང་གི་གནས་ལུགས་གསལ་འབྱེད། ཡོ་གའི་མཆོད་ཕྲེང་བླ་མེད་མཆོད་སྤྲིན། དབང་ཆོག་རྒྱས་པའི་ཁ་སྐོང༌། རྡོར་དབྱིངས་ཀྱི་ཞི་བའི་སྦྱིན་སྲེག་རྒྱས་པའི་སྦྱིན་སྲེག་དབང་གི་སྦྱིན་སྲེག་དྲག་པོའི་སྦྱིན་སྲེག་ཞང་ཞུང་མང་ནང་བ་ནས་བརྒྱུད་པའི་རིམ་པ་བཅུ་དྲུག་གི་གར་གྱི་མཆོད་པ། ཞར་བྱུང་དཔལ་མཆོག་གི་ལྷ་མོའི་གར་དང་བཅས་པ། རྡོར་དབྱིངས་ཀྱི་མགྲོན་ཐབས་ཀྱི་ལྷ་སངས་རྒྱས་སྟོང་རྩའི་བསྟོད་པ། དུམ་བུ་གཉིས་པ་ཁམས་གསུམ་རྣམ་རྒྱལ་གྱི་དཀྱིལ་ཆོག་འཇིག་རྟེན་གསུམ་རྒྱལ་འབྱུང་བ། བཤད་རྒྱུད་རྩེ་མོ་རིགས་བསྡུས་ཀྱི་དཀྱིལ་ཆོག་མཁས་པའི་ཡིད་འཕྲོག་རྡོ་རྗེ་རྩེ་མོའི་ཆོ་ག་རྒྱས་པ། ཆ་མཐུན་གྱི་རྒྱུད་དཔལ་མཆོག་དང་པོའི་དུམ་བུ་དང་པོའི་རིགས་བསྡུས་ཀྱི་དཀྱིལ་ཆོག་དོན་ཡོད་པ་ཐམས་ཅད་ཀྱི་དམ་ཚིག་དཀྱིལ་འཁོར་འབྱུང་བ། དཔལ་མཆོག་རིགས་བསྡུས་ཀྱི་ཐིག་རྩ། དཔལ་མཆོག་རྡོ་རྗེ་སེམས་དཔའི་དཀྱིལ་ཆོག་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་རྡོ་རྗེ་འབྱུང་བ་ཞེས་བྱ་བ། དཔལ་མཆོག་རྡོ་རྗེ་སེམས་དཔའ་ཞི་བའི་སྦྱིན་སྲེག་དགེ་ཞིང་ཞི་བྱེད་དུས་ཐ་མའི་ཆོ་ག་ཐར་པའི་གྲོང་འཇུག་སྒྲུབ་པ་རྗེས་སྒྲུབ་ཀྱི་ཆོ་ག་བདེ་ཆེན་རྣམ་འཕྲུལ། དཔལ་མཆོག་རིགས་བསྡུས་ཀྱི་བསྟོད་པ་རྒྱས་པ། དཔལ་མཆོག་གི་བཀྲ་ཤིས་ཆོས་དང༌། བཀྲ་ཤིས་འཕེལ་བྱེད། རྣལ་འབྱོར་རྒྱུད་ཀྱི་དུམ་བུ་གཉིས་པ་ཁམས་གསུམ་རྣམ་རྒྱལ་ལས་འཕྲོས་པ། ངན་སོང་སྦྱོང་རྒྱུད་ལ་བརྟེན་པའི་ཀུན་རིག་གི་དཀྱིལ་ཆོག་ལས་ཀྱི་སྒྲིབ་པ་རྒྱུན་གཅོད། ཀུན་རིག་གི་སྐབས་ནས་གསུངས་པའི་རོ་སྲེག་གི་རྒྱུད་ཀྱི་ཊཱི་ཀ་སྡིག་པ་ཞི་བྱེད། སྤྱོད་རྒྱུད་མེ་ལྟར་འབར་བའི་སྐབས་ནས་གསུངས་པའི་གསོན་པོའི་དོན་གྱི་ཞི་རྒྱས་དབང་གསུམ་གྱི་སྦྱིན་སྲེག་ཚེ་དཔག་མེད་ཀྱི་སྐབས་ནས་གསུངས་པའི་དྲག་པོའི་སྦྱིན་སྲེག་འཁོར་ལོ་བསྒྱུར་བའི་སྐབས་ནས་གསུངས་པའི་ལས་བཞི་རྔ་བརྡུང་བའི་ཆོ་ག། སྤྱོད་རྒྱུད་ཀྱི་ཆོ་ག་ཁ་བསྐང༌། ཕྱག་རྡོར་འཆི་བདག་འཇོམས་པའི་ཆོ་ག་འཆི་བདག་འཇོམས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བཀོད་པ། གཙུག་དགུའི་དཀྱིལ་ཆོག་ངན་སོང་རྒྱུན་གཅོད། མི་འཁྲུགས་པ་ལ་བརྟེན་ནས་རོ་སྲེག་པའི་ཆོ་ག་ཆོས་དབྱིངས་གསུང་དབང་གི་དཀྱིལ་འཁོར་གྱི་ཆོ་ག་མཁས་པའི་དགའ་སྟོན། འཇམ་དཔལ་རྒྱ་ཆེར་འགྲེལ་གྱི་བསྡུས་དོན། ཡོ་གའི་རབ་གནས་བཀྲ་ཤིས་རྒྱས་བྱེད། དེ་ཡི་སྡོམ་ཚིག་རྡུལ་ཚོན་དྲང་བའི་ཆོ་ག ༼ ད་པ ༽ལ་རྒྱུད་སྡེ་འོག་མ་གསུམ་ག་དང་འབྲེལ་བ་ལ་དཀྱིལ་འཁོར་གསལ་བྱེད་ཉི་མའི་འོད་ཟེར་ཞེས་བྱ་བའི་སྐབས་དང་པོ་ལ་རྩ་བརྒྱུད་དེ་ཉིད་བསྡུས་པའི་དཀྱིལ་འཁོར་གྱི་བཀོད་པ། བཤད་རྒྱུད་རྡོ་རྗེ་རྩེ་མོའི་དཀྱིལ་འཁོར་གྱི་བཀོད་པ། ཆ་མཐུན་གྱི་རྒྱུད་དཔལ་མཆོག་གི་དཀྱིལ་འཁོར་གྱི་བཀོད་པ། མཚན་བརྗོད་ཀྱི་དཀྱིལ་འཁོར་གྱི་བཀོད་པ། ངན་སོང་སྦྱོང་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཉིས་ཀྱི་བཀོད་པ། གཙུག་དགུའི་རྒྱུད་ངན་སོང་སྦྱོང་བ་བརྟག་པ་དང་པོ་ཕྱོགས་གཅིག་པ་ནས་གསུངས་པའི་དཀྱིལ་འཁོར་རྡོ་རྗེ་སྙིང་པོ་རྒྱན་གྱི་དཀྱིལ་འཁོར་གྱི་བཀོད་པ། འདི་ཡི་ལེའུ་བཞི་པ་འཇིག་རྟེན་གསུམ་རྒྱལ་གྱི་རྟོགས་པའི་དཔེ་དོར་ཞིང་མ་རྙེད་པས། སླར་རྙེད་ན་འདིའི་མཚམས་སུ་བྲིའོ། །སྐབས་གཉིས་པ་སྤྱོད་པའི་རྒྱུད་ཀྱི་དཀྱིལ་འཁོར་གྱི་བཀོད་པ། སྐབས་གསུམ་པ་བྱ་བའི་རྒྱུད་ཀྱི་དཀྱིལ་འཁོར་གྱི་བཀོད་པའོ། །དེ་དག་དང་མཐུན་པར་ཞ་ལུའི་གཞལ་ཡས་ཁང་ཆེན་པོ་བཞི་ཡི་དཀར་ཆག་བཞི་རྣམས་སོ། །རྣལ་འབྱོར་བླ་ན་མེད་པའི་ཕ་རྒྱུད་ཀྱི་གཙོ་བོ་མི་བསྐྱོད་པའི་རིགས་ལ། གསང་བ་འདུས་པའི་ཆོས་འབྱུང༌། (འདི་ལ་མིང་གཞན། གསང་བ་འདུས་པའི་རྒྱུད་འགྲེལ་གྱི་བཤད་ཐབས་ཀྱི་ཡན་ལག་གསང་བའི་སྒོ་འབྱེད་ཅེས་ཀྱང་བྱའོ། །དཔེ་ཁ་ཅིག་ཏུ་གླེགས་བམ་༼ ཏ་པར ༽བཞུགས་སོ) རྒྱུད་ཀྱི་བཤད་པའི་སྔོན་འགྲོ་བཤད་ཐབས། གསང་འདུས་ཀྱི་བསྡུས་དོན་ཉུང་གསལ། གསང་འདུས་ཀྱི་བཤད་སྦྱར་མཐའ་དྲུག་རབ་གསལ། རིགས་ལྔའི་བླ་མ་བརྒྱུད་པའི་གསོལ་འདེབས་ཅི་བསམ་ཀུན་འགྲུབ། བླ་མའི་གསོལ་འདེབས་ཡོན་ཏན་རྗེས་སུ་དྲན་པ། གསང་འདུས་ལྷ་ཚོགས་ལ་བསྟོད་པ་བྱིན་རླབས་ཆར་འབེབས། མདོར་བྱས་ཀྱི་ཆོ་ག་བསྐྱེད་རིམ་གསལ་བྱེད། གསང་འདུས་ཀྱི་མངོན་རྟོགས་དངོས་གྲུབ་ཆར་འབེབས། དཀྱིལ་མཆོག་ཡེ་ཤེས་ཆར་འབེབས། གཏོར་ཆོག་འདོད་དོན་ཆར་འབེབས། སྦྱིན་སྲེག་འཕྲིན་ལས་ཆར་འབེབས། དཀྱིལ་ཆོག་ཟུར་འདེབས་བགེགས་འཇོམས་རྡོ་རྗེ་འཆང་གི་རྣམ་རོལ། གསང་འདུས་འཇམ་དཔལ་རྡོ་རྗེའི་སྒྲུབ་ཐབས་འཇམ་དབྱངས་ཡིད་འཕྲོག་གསང་འདུས་འཇམ་རྡོར་དཀྱིལ་ཆོག་འཇམ་དབྱངས་བྱིན་རླབས་རྣམ་འཕྲུལ། ཕྱག་རྡོར་འཁོར་ལོ་ཆེན་པོའི་ལྷ་ཚོགས་ལ་བསྟོད་པ། གཤིན་རྗེ་གཤེད་ཀྱི་སྐོར། གཤེད་དམར་ལྷ་ལྔའི་མངོན་རྟོགས་གཤིན་རྗེ་ཀུན་འཇོམས། དེ་ཡི་དཀྱིལ་ཆོག་སྙིང་པོ་བདེ་འཇུག་འོད་གསལ་འཆར་བའི་བྱིན་རླབས། གཤེད་དམར་སྦྱིན་སྲེག་ཆོ་ག གཤིན་རྗེ་གཤེད་ཀྱི་གཏོར་མ་དྲུག་ཅུ་རྩ་བཞི་པའི་ཆོ་ག གཤེད་དམར་ལྷ་བཅུ་གསུམ་མའི་སྒྲུབ་ཐབས། གཤེད་དམར་རྫོགས་རིམ་རྣལ་འབྱོར་བཞི་ཡི་གསལ་བྱེད། གཤེད་དམར་དཀྱིལ་ཆོག་དེ་ཉིད་གསལ་བ། གཤིན་རྗེ་གཤེད་ཀྱི་མཆོད་འཕྲེང་མཆོད་སྤྲིན་བསམ་ཡས། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་ཆོག་སྙིང་པོ་བསྡུས་པ། མ་རྒྱུད་སྐོར། ༼ ན་པ ༽ལ་བདེ་མཆོག་ཆོས་འབྱུང་དོན་གསལ་ཟབ་དོན་གསང་འབྱེད། བདེ་མཆོག་རྩ་རྒྱུད་ཀྱི་ཊཱི་ཀ། བདེ་མཆོག་རྩ་རྒྱུད་བསྡུས་དོན་རྣལ་འབྱོར་མ་ཀུན་སྤྱོད་ཀྱི་ཊཱིཀ། ༼ པ་པ ༽ལ་བདེ་མཆོག་ལཱུ་ཧི་པའི་སྒྲུབ་ཐབས་རྣལ་འབྱོར་བཞི་ལྡན། ལཱུ་ཧི་པའི་དཀྱིལ་ཆོག་དེ་ཁོ་ན་ཉིད་གསལ་བར་འཇུག་པ། ལཱུ་ཧི་པའི་སྦྱིན་སྲེག་འཕྲིན་ལས་ཀུན་འགྲུབ། བདེ་མཆོག་དྲིལ་བུ་པའི་ལུས་དཀྱིལ་མངོན་རྟོགས་སྒྲུབ་ཐབས། དྲིལ་བུ་པའི་དཀྱིལ་ཆོག་བདེ་མཆོག་ནག་པོ་པའི་སྒྲུབ་ཐབས་ཀྱི་གཞུང་གི་ཊཱིཀ་འཁྲུལ་སྤོང༌། ནག་པོ་པའི་མངོན་རྟོགས་འཁྲུལ་པའི་དྲི་བྲལ། བདེ་མཆོག་སྡོམ་འབྱུང་མངོན་རྟོགས་དངོས་གྲུབ་རིན་པོ་ཆེའི་གཏེར། བདེ་མཆོག་སྡོམ་འབྱུང་གི་དཀྱིལ་ཆོག་དྲི་མ་མེད་པའི་ཆུ་རྒྱུན། བདེ་མཆོག་ཉེར་སྤྱོད་རིག་མ་བཅུ་དྲུག་གི་གར་མཆོད་འཕྲེང༌། བདེ་མཆོག་གི་མཆོད་འཕྲེང་བདེ་མཆོག་རྣམ་རོལ། ༼ ཕ་པ ༽ལ་བདེ་མཆོག་བཤད་རྒྱུད་སམ་བུ་ཊའི་ཊཱི་ཀ། སམ་བུ་ཊའི་བསྡུས་དོན། སམ་བུ་ཊའི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། སམ་བུ་ཊ་ལ་བརྟེན་ནས་ཐོག་སྲུང་བའི་ཆོ་ག་རིགས་ལྔའི་སྡོམ་བཟུང་གི་འགྲེལ་པ། ས་སྐྱ་པ་བླ་མ་རྣམས་ཀྱིས་རྒྱུད་བརྟག་གཉིས་ཀྱི་བཤད་པའི་ལུང་དྲངས་པའི་ལུང་འདྲེན་དཀའ་བ་རྣམས་ཀྱི་བཤད་པ་ཉི་མའི་འོད་ཟེར། རྣམ་སྣང་རིགས་ལ་རྡོ་རྗེ་གདན་བཞིའི་སྒྲུབ་ཐབས་རྒྱས་པ་མི་བརྗེད་པའི་དྲན་བྱེད། སྒྱུ་འཕྲུལ་ཆེན་མོའི་མངོན་རྟོགས་རྒྱས་པ་སྒྱུ་འཕྲུལ་མངོན་པར་འགྱུ་བ། སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་ཆོ་ག་སྒྱུ་འཕྲུལ་ཆེན་མོའི་མངོན་རྟོགས་བསྡུས་པ་སྒྱུ་འཕྲུལ་འབྱུང་བ། རིན་ཆེན་རིགས་ལ་རྡོ་རྗེ་བདུད་རྩི་དཀྱིལ་འཁོར་གསུམ་གྱི་མངོན་རྟོགས། པདྨའི་རིགས་ལ་པདྨ་འདྲ་བའི་སྒྲུབ་ཐབས་ཐུགས་རྗེ་འོད་ཟེར་འབྱུང་བ། ལས་ཀྱི་རིགས་ལ་སྒྲོལ་མ་བཙོན་འདོན་གྱི་ཆོ་ག ༼ བ་པ ༽ལ་གཉིས་མེད་རྒྱུད་ལ། དཔལ་དུས་ཀྱི་འཁོར་ལོའི་ཆོས་འབྱུང་རྒྱུད་ཀྱི་སྔོན་འགྲོ་གསལ་བྱེད། རྒྱུད་འགྲེལ་གྱི་ས་བཅད་མདོར་བསྡུས་དང་པོའི་ཊཱི་ཀ་སྣང་བའི་འོད་ཟེར། བཤད་ཐབས་ཀྱི་ཡན་ལག་ངེས་པ་དོན་གྱི་སྙེ་མ། རྩིས་ཀྱི་བསྟན་བཅོས་མཁས་པ་དགའ་བྱེད། རྒྱུད་ལས་བཏུས་པའི་ལྔ་བསྡུས་སྒྲ་གཅན་དང་བཅས་པ། གཟའ་ལྔའི་རྩིས་གཞི། གཟའ་ལྔའི་ཐབས། སྒྲ་རིག་མཁས་པའི་རྒྱན། དཀྱིལ་འཁོར་སྦྱིན་སྲེག་གི་ཐབ་བཅུ་ཡི་ཐིག་རྩ། ཉེ་བརྒྱུད་ཀྱི་བླ་མའི་གསོལ་འདེབས། དུས་འཁོར་འབྲོ་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས། དཀྱིལ་འཁོར་ཡོངས་རྫོགས་ཀྱི་བསྟོད་པ་འདོད་པའི་དོན་འགྲུབ། དུས་འཁོར་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྒྲུབ་ཐབས་དངོས་གྲུབ་འདོད་འཇོ། དུས་འཁོར་ཐུགས་དཀྱིལ་ལ་སོགས་ཀྱི་སྒྲུབ་ཐབས་དཔག་བསམ་སྙེ་མ། དུས་འཁོར་ལྷན་སྐྱེས་སྒྲུབ་ཐབས་རིན་ཆེན་སྙིང་པོ་དཀྱིལ་འཁོར་གྱི་ཆོ་ག་སྤངས་རྟོགས་ཡོན་ཏན་ཀུན་འབྱུང༌། དཀྱིལ་ཆོག་བཤད་པའི་ལྷན་ཐབས། དཀྱིལ་འཁོར་གྱི་ཁོར་ཡུག་གི་ལྷ་འགོད་ཚུལ། དུས་འཁོར་གྱི་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་འཕྲིན་ལས་ཀུན་འབྱུང༌། ཞི་བའི་སྦྱིན་སྲེག་སྡུག་བསྔལ་ཞི་བྱེད། མཆོད་འཕྲེང་མཆོད་སྤྲིན་རྒྱ་མཚོ། ལྷ་མོ་བཅུ་གཉིས་ཀྱི་མཆོད་གར། དུས་ཐ་མའི་ཆོ་ག་ངན་འགྲོ་རྣམ་འཇོམས། རབ་གནས་ཀྱི་ཆོ་ག་བཀྲ་ཤིས་དཔལ་འབར། རྐང་པ་བཅུ་དྲུག་དང༌། རྐང་པ་བདུན་ཅུ་རྩ་གཉིས་གར་ཐབས་སུ་སྦྱར་བ་རྐང་སྟབས་ཀྱི་ཟིན་བྲིས། དུས་འཁོར་གྱི་རྫོགས་རིམ་སྟོན་པ་དབང་མདོར་བསྟན་གྱི་ཊཱིཀ། དེ་ཡི་ས་བཅད་ཁྲིད་ཀྱི་སྔོན་འགྲོ། དུས་འཁོར་གྱི་རྫོགས་རིམ་ཐོག་མཐའ་བར་གསུམ་དུ་དགེ་བའི་ཁྲིད་ཡིག་ཡང་རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་གསལ་བ། ངོ་སྤྲོད་རྒྱུད་གསུམ་གྱི་དབང་གཏན་ལ་དབབ་པ་གཅེར་མཐོང་ངོ་ཤེས་རྣམས་སོ། །དྲིས་ལན་ཅི་རིགས་ཀྱི་སྤྲིངས་ཡིག་ལ། བླ་མ་རིན་ཡེ་པའི་དྲིས་ལན། མཁན་པོ་སྤྱི་བོ་ལྷས་པའི་དྲིས་ལན། སྡེ་སྣོད་འཛིན་པ་ཟུལ་ཕྱར་གྱི་དྲིས་ལན། ཡོན་བདག་ཨ་ལྕམ་ལ་སྤྲིངས་པ། གཡག་སྡེ་པཎ་ཆེན་གྱི་དྲིས་ལན། ཐོ་ལིང་གསེར་ཁང་གི་གཙུག་ལག་ཁང་དང༌། ཞང་ཞུང་མང་ནང་གི་གཙུག་ལག་ཁང་ན་གནས་པའི་དགེ་འདུན་རྣམས་ལ་གདམས་པའི་སྤྲིངས་ཡིག་ཆོས་རྒྱལ་དཔལ་ལྷ་བཙན་པོ་དབང་ཕྱུག་དམ་པའི་མངའ་བདག་པུཎྱ་མ་ལ་ཕུལ་བའི་ཞུ་ཡིག་སུ་གུག་གི་རྒྱལ་པོའི་ཏི་ཤྲཱི་པ་རྣམ་རྒྱལ་གྲགས་པ་ལ་གདམས་པའི་ཕྲིན་ཡིག་སྐྱེས་བུ་བཞི་ཡི་དོན་འགྲུབ་རྣམས་སོ། །༼ མ་པ ༽ལ་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་མཆན་འགྲེལ། ༼ ཙ་པ ༽ལ་རྒྱུད་སྡེ་བཞི་ཡི་གཟུངས་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་པའི་རྒྱལ་རྩེ་གཟུངས་འབུམ་ཆེན་མོ་རྣམས་སོ། །དེ་དག་གིས་ཞ་ལུ་བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་འབུམ་རྫོགས་སོ། །
|