5697

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བུད་མེད
Tibetan Definition <སྟྲཱི> མི་མོ། གཉེན་བསྒྲིགས་ཟིན་པའི་སྐྱེས་མ། ལེགས་སྦྱར་དུ་སྟྲཱི་ “ स्त्री ” སི་ཏྲཱི་ཞེས་པ་ལྟ་བུར་ཀློག མིང་གི་རྣམ་གྲངས་ནི། མི་མོ། སྟོབས་མེད་མ། བཙུན་མོ། མཚམས་ལྡན་མ། ཟུར་ལྟ་མ། གཡོན་མ། གཡོན་བྱེད། དགའ་སྟོད་ས་གཞི། ལུས་མཆོག་མ་སྟེ། ལུས་བཟང་མ། འཇིགས་ཅན་མ། འདོད་ལྡན་མ། གཡོན་མིག་མ། རབ་མྱོས་མ། སྒེག་ལྡན་མ། ལུས་མཛེས་མ། གཞོན་ལུས་མ། སྨད་རྒྱས་མ། མཛེས་མ། དགའ་བྱེད་མ་བཅས་སོ། །མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་༼ བསྟན་འགྱུར་སེ་པ་༣༡༡ན་༦ ༽ལས་བཤད་པ་ལྟར་རོ། །སྒྲ་བཤད་ནི། མཚན་མ་ཕྱི་ལ་མ་བུད་པས་བུད་མེད་ཅེས་བྱའོ། །ཚིག་མཛོད་འགའ་ཞིག་ན་གསལ། འདི་ལ་སྒྲ་བཤད་སྣ་ཚོགས་ཤིག་སྣང་ཡང་འདིར་མ་བཀོད།