From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད
|
Tibetan Definition
|
(འདུལ་བ) འབའ་ཞིག་པ་དགུ་བཅུའི་རེ་ལྔ་པ། བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་བུད་མེད་དང་གནས་གཅིག་ཏུ་གཉིས་ཀ་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་ཅིང་མཚན་མོ་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། སངས་རྒྱས་མཉན་ཡོད་ན་བཞུགས་ཚེ་མ་འགགས་པ་ལྗོངས་རྒྱུར་སོང་སྟེ། རི་བྲག་གི་གྲོང་དུ་བུད་མེད་དང་གནས་གཅིག་ཏུ་ཉལ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བའོ། །
|