From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བུད་མེད་མཛེས་མ
|
Tibetan Definition
|
བུད་མེད་མཆོག་ཅེས་ཀྱང་ཟེར། མིང་གི་རྣམ་གྲངས་ནི། ལུས་མཆོག་མ། ལུས་བཟང་མ། ལུས་མཛེས་མ། འདོད་ལྡན་མ། གཡོན་མིག་མ། (མིག་མཛེས་པས་ན་གཡོག་མིག་མ་ཞེས་བྱ) མིག་མཛེས་མ། རབ་མྱོས་མ། (མཆོག་ཏུ་རྒྱགས་པའི་གཟུགས་དང་སྐལ་བ་བཟང་པོ་དག་གིས་བསྐྱེད་པའི་རྣམ་འགྱུར་རོ) སྒེག་ལྡན་མ། ( “བྷ་བ” ནི་སྒེག་པའི་སྤྱོད་པ་ཡིན་ལ་དེ་དང་ལྡན་པས་སོ) གཞོན་ལུས་མ། སྨད་རྒྱས་མ། མཛེས་མ། དགའ་བྱེད་མ། ཁྲོ་བྱེད་མ་བཅས་སོ། །མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་༣༡༡བ་༡ན་གསལ་བ་ལྟར་རོ། །
|