5712

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བུད་མེད་ལ་ཆོས་སྟོན་པའི་ལྟུང་བྱེད
Tibetan Definition (འདུལ་བ) འབའ་ཞིག་པ་དགུ་བཅུའི་ལྔ་པ། བུད་མེད་ལ་ཆོས་སྟོན་པའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་ཁྲིམས་གྲོགས་སྐྱེས་པ་མེད་པར་ཁྱིམ་པ་མོ་ལ་ཆོས་ཚིགས་ལྔའམ་དྲུག་ལས་ལྷག་པར་བསྟན་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་འཆར་ཀས་ཁྱིམ་པ་མོ་ལ་ཆོས་བསྟན་ཅིང་དེའི་རྗེས་སུ་དྲུག་སྡེས་ཚིགས་དྲུག་ལས་ལྷག་པར་བསྟན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི། ཆགས་པའི་རྒྱུར་འགྱུར་པའོ། །འདི་ལ་སྟོན་པའི་ལྟུང་བྱེད་ཀྱང་ཟེར།