5720

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བུམ་དབང༌
Tibetan Definition 1 (དགེ་ལུགས) མི་བསྐྱོད་པ་ཆུའི་དབང་སོགས་རིག་པ་ཡེ་ཤེས་ལྔའི་དབང་དང༌། རྡོ་རྗེ་སློབ་དཔོན་གྱི་དབང་མཐའ་རྟེན་དང་བཅས་པའི་ལྷ་ཡི་ཆུ་བོའི་རྒྱུན་གྱིས་གཙོ་བོ་སྲོག་གཅོད་དང༌། ལུས་ཐ་མལ་དུ་འཛིན་པའི་སྣང་ཞེན་གྱི་དྲི་མ་སྦྱངས་ཏེ། ལམ་བསྐྱེད་རིམ་ཡན་ལག་དང་བཅས་པ་བསྒོམ་པ་དང༌། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་པའི་དབང་ལ་ཟེར། ཁྲི་རྒྱལ་མཚན་སེང་གེའི་གསུང་ལ་གཞི་བྱས། རྗེ་ཙོང་ཁ་པ་ཆེན་པོའི་གསང་འདུས་སྨོན་ལམ་ལས་ཀྱང༌། བུམ་དབང་གངྒཱའི་ཆུ་རྒྱུན་བསྐུར་བ་ཡིས། །ཐ་མལ་སྣང་ཞེན་དྲི་མ་འཁྲུད་པར་ཤོག །ཅེས་གསུངས་པ་ལྟར་རོ། །