5734

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བེ་ཏའི་ཡུལ
Tibetan Definition 3 ཡང་དཔའ་བོ་གཙུག་ལག་ཕྲེང་བས། བེ་ཏའི་ཡུལ་ཞེས་པ་དཔའ་བོའི་ཡུལ་ཞེས་དོན་ཡིན་པར་དོན་གྱིས་བཤད་དེ། ཆོས་འབྱུང་མཁས་པའི་དགའ་སྟོན་སྟོད་ཆ་༧༤༡ལས། ལྷོ་ཕྱོགས་བཻ་དྷརྦྷ་སྟེ་བོད་ (པའི་ངག་རྒྱུན) ལ་བེ་ཏའི་ཡུལ་དུ་གྲགས་པ་དེར་བྲམ་ཟེ་ཆེན་པོ་ཞིག་ལ་སྲས་མཆེད་ལྔ་ཡོད་པའི་ཐ་ཆུང་ངོ་། །ཞེས་གསུངས་པས་སོ། །དེ་ཡང་བཻ་དྷརྦྷ་ (བཻ་དརྦྷ) ནི་དཔའ་བོའི་ཡུལ་ཞེས་པའི་དོན་ཡིན་པར་སྐད་གཉིས་ཤན་སྦྱར་ན་གསལ། ཞིབ་ཕྲ་བེ་ཏ་ཞེས་པའི་ཐད་དུ་གཟིགས།