5739

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཻཌཱུརྱ
Tibetan Definition (ལེགས་སྦྱར) རིན་པོ་ཆེའི་རིགས་ཀྱི་རྡོ་རིགས་སྔོན་པོ་ཞིག བོད་སྐད་དུ་བསྒྱུར་ན་ཤིན་ཏུ་དྭངས་པ་ཞེས་བྱ། ནོར་བུ་རིན་ཆེན་བཻཌཱུརྱའི་རིགས་ཀྱི། །འོད་དང་འཆང་བས་ནད་ཀུན་སེལ་བར་བྱེད། །ཞེས་པ་འདི་ལ། རིགས་གསུམ་འབྱུང་ལ། སུ་ག་ཏ་བཻཌཱུརྱ་དང་། ལ་ནུ་བཻཌཱུརྱ་དང་། མཉྫུ་བཻཌཱུརྱའོ། །སུ་ག་ཏ་བཻཌཱུརྱ་ནི། མདོག་ལྗང་ཁུ་མཚན་ཕྱེད་ཙམ་ན་འོད་ཟེར་འབྱུང་བས་མུན་པ་འཕྲོག་པ། ནང་དུ་སྐུད་པ་གསུམ་བཅུག་པ་འདྲ་བ་ཞིག་ཡོད་པས། རིན་ཐང་ཡུལ་སྡེ་ཆེ་བ་ཞིག་རི་བར་བཤད་དོ། །ལ་ནུ་བཻཌཱུརྱ་ནི། འོད་ཟེར་མེད་པ་མདོག་དཀར་པོ་ནང་དུ་སྐུད་པ་གཅིག་བཅུག་པ་འདྲ་བ་ཞིག་ཡོད་པས་རིན་ཐང་ཡུལ་ཕྲན་གཅིག་རི་བར་གསུངས་སོ།། མཉྫུ་བཻཌཱུརྱ་ནི། བྱི་ལའི་མིག་ལྟར་སེར་བ་མཚན་མོ་འོད་ཟེར་འབྱུང་བ་ནང་དུ་སྐུད་པ་དགུ་བཅུག་པ་འདྲ་བ་མེ་ལ་བཅུག་ན་འོད་ཟེར་ལྷག་པར་ཆེ་བའོ། །རིན་ཐང་ནི་གླིང་བཞི་ཀའི་སྡེ་ཟོག་རི་ཞེས་བཤད། འདི་ལ་རྗེ་རང་བྱུང་རྡོ་རྗེས། བྱི་ལའི་མིག་འདྲས་སྦྲུལ་ཆེན་སྲུང་། ཞེས་གསུངས། འདི་གསུམ་འབྱུང་བའི་ཡུལ་ནི། རྒྱ་མཚོའི་མཐའ་ནས་འབྱུང་བར་བསྟན་བཅོས་ལས་བཤད་ཀྱང་། དེང་སང་ཕལ་ཆེར་སིངྒ་ལའི་ཡུལ་ཕ་བ་ལི་གངྒཱ་ཞེས་པའི་ཆུ་ལས་འབྱུང་ངོ་། །ཞེས་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི་དྲི་མེད་ཤེལ་ཕྲེང་ལས་བཤད་དོ། །ཁ་དོག་སྔོན་པོ་གྲགས་ཆེ་ཡང་། དཀར་པོ་དང་སེར་པོ་ཡང་ཡོད་པར་བཤད། ཕྱི་རྒྱལ་གྱིས་འདི་ལ་Lapiz Lazuli ཟེར། ལེ་ཏྲིན Latin གྱི་སྐད་ལ་Lapiz ཞེས་པ་རྡོ་དང་། Azul ནི་ཨ་རབ་ཀྱི་སྐད་ལ་སྔོན་པོའི་མིང་ཡིན་པས་རྡོ་སྔོན་ཟེར། རོ་མན་Roman གྱིས་འདིས་ཆགས་སྤྱོད་རྒྱས་པར་བྱེད་པའི་ཡིད་ཆེས་བྱེད། དུས་རབས་ལྔ་པ་ནས་བཅོ་ལྔའི་བར་གྱི་མི་རྣམས་ཀྱིས་འདིས་རྐང་ལག་གི་ཚིགས་ནད་སེལ་བ་དང་། ཕྲག་དོག་དང་ཞེ་སྡང་སོགས་ཞི་བར་བྱེད་ཅེས་བརྗོད། ཐོན་ཁུངས་ནི་ Afghanistan, Chile, Sibeia, Colorado, Myanmar བཅས་ནས་ད་ལྟ་ཡང་འཐོན་གྱི་ཡོད། སྒྲ་བཤད་ནི། རི་བི་རུར་ཞེས་བྱ་བ་ལས་བྱུང་བས་བཻཌཱུརྱ་ཞེས་བྱ་སྟེ། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༤༢བ༢ལས། རི་བི་རུར་ལས་བྱུང་བས་བཻཌཱུརྱ་ཞེས་བྱ་སྟེ། རིན་པོ་ཆེ་སྔོན་པོར་སྣང་བའོ། །ཞེས་གསུངས་པ་ལྟར་རོ། །