5740

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བོ་དེ་ཙེ
Tibetan Definition <པུ་ཏྲཾ་ཛཱི་བ> འཕྲེང་བའི་རྒྱུར་རུང་བའི་ཤིང་འབྲས་ཀྱི་ཚི་གུ་ཞིག པུ་ཏྲཾ་ཛཱི་བ་བོད་སྐད་དུ་བསྒྱུར་ན་བུའི་འཚོ་བ་ཟེར། དཔལ་བཀའ་བརྒྱུད་པའི་མཁས་གྲུབ་ཀུན་མཁྱེན་པདྨ་དཀར་པོའི་༼ བགྲང་ཕྲེང་གི་མཚན་ཉིད ༽བསྟན་པ་ལས་ཀྱང་། ཞི་རྒྱས་དབང་དང་མངོན་སྤྱོད་ལ། །པུ་ཌོ་ (ཏྲཾ) ཛི་བ་ལས་ཀུན་བྱེད། །ཅེས་གསུངས་འདུག འདི་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཀྲིའི་གཞིས་ཆགས་ཀྱི་ཉེ་འཁོར་ནགས་གསེབ་ཏུ་ངེད་རང་ཆུང་དུས་མང་པོ་རྙེད་ཅིང་། ཤིང་གི་འབྲས་བུ་སྔོ་རིལ་མཐེ་བོང་ལས་ཆེ་ཙམ་འདི་ར་ལུག་རྣམས་ཀྱིས་ཟས་སུ་བྱེད་ཅིང་། རའི་རིལ་མ་ནང་བོ་དེ་ཙི་མང་པོ་བསྒྲུག་རྒྱུ་ཡོད། བོད་རྒྱ་ཚིག་མཛོད་ཆེན་མོར། (རྒྱ) ཞེས་འདི་རྒྱ་ནག་གི་སྐད་ཡིན་པར་བྱས་འདུག་ཀྱང་། སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་དུ་འདི་ལེགས་སྦྱར་གྱི་པུ་ཏྲཾ་ཛཱི་བ་ཟུར་ཆག་པར་བཤད་དོ། །འབོ་དེ་ཙི་ཞེས་ཀྱང་བྲིས་སྣང་།