575

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱི་འདོད་རྔམ་ཅན་གྱི་སྒྲུང
Tibetan Definition དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་༣༢༣ལས། ཁྱིའི་འཁུར་བ་ཞེས་པ་ནི། ཁྱི་རྐུན་ཅིག་གིས་འཁུར་བ་ཅིག་ཐོབ་སྟེ། ཆུ་འགྲམ་ཅིག་ན་ཕར་ཕྱིན་ཏེ། མིག་ཕར་ཅེར་ཚུར་ཅེར་ཡོད་ཙམ་ན། ཁོ་རང་གི་གཟུགས་བརྙན་ཆུ་ནང་དུ་ཡེར་ཡེར་བྱུང་བ་མཐོང་བས། ཁོའི་སྙིང་ལ་ཁྱི་གཞན་ཅིག་འཁུར་བ་ཐོགས་ནས་འདུག་སྙམ་ནས། འཁུར་བ་དེ་དབྲོག་པར་འདོད་པས། ཆུ་ནང་དུ་ཉབས་བྱས་པས། ཁོ་རང་གི་ཁའི་འཁུར་བ་ཆུའི་ནང་དུ་ཤོར་ལོ། དཔེ་དེ་བཞིན་དུ་ཁ་ཅིག སྔར་གྱི་བླ་མའི་མན་ངག་སྒོམ་འཕྲོ་བཅད་ཀྱིན་དེ་བས་ཀྱང་ཚེགས་ཆུང་ལ་དོན་ཆེ་བ་ཅིག་འཚོལ་དུ་འགྲོ་འགྲོ་ནས། སྔར་གྱི་ཡོན་ཏན་བག་ཙམ་སྐྱེས་པ་དེ་ཡང་སྟོར་ནས་འགྲོ་གསུང་། ཞེས་གསུངས་སོ། ། (གོང་གི་དཔེ་ཆོས་རིན་ཆེན་སྤུངས་པའི་ལུང་ནང་། ཚིག་ཕྲད་ “ཅིག” དང་ “ཞིག” གཉིས་ལྗོན་དབང་གི་འགྲོས་དང་ཅུང་ཟད་མི་མཐུན་པ་འདུག་ཀྱང་བཅས་བཅོས་མེད་པར་རང་སོར་བཞག་གོ)འདི་རང་རེའི་བཙན་བྱོན་བོད་གཞུང་གི་སློབ་གྲྭའི་སློབ་དེབ་ཅིག་ནང་ཡང་འབྱུང་།