From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བོད་ཀྱི་ལོ་ཙཱ་བ་གྲགས་ཅན་བརྒྱ་དང་གོ་གཉིས་ཀྱི་མཚན་གཞུང༌
|
Tibetan Definition
|
བུ་སྟོན་རིན་པོ་ཆེ་ཡན་ཆོད་ཀྱི་བོད་ཀྱི་ལོ་ཙཱ་བ་གྲགས་ཅན་བརྒྱ་དང་གོ་གཉིས་ཀྱི་མཚན་གཞུང་ནི། ༡ ཐོན་མི་སཾ་བྷོ་ཊ། ༢ དྷརྨ་ཀོ་ཥ། ༣ རྡོ་རྗེ་དཔལ། ༤ བྲན་ཀ་མུ་ལ་ཀོ་ཥ། ༥ གཉགས་ཛྙཱ་ན་ཀུ་མཱ་ར། ༦ སྦ་ཡེ་ཤེས་དབང་པོ། ༧ ངན་ལམ་རྒྱལ་བ་མཆོག་དབྱངས། ༨ འབའ་ཁྲི་བཞེར་སང་ཤི་ཏ། ༩ སྦྲང་རྒྱར་ལེགས་གཟིགས། ༡༠ སེང་གོང་ལྷ་ལུང་གཟིགས། ༡༡ སྦ་མང་རྗེ་གསལ་སྣང༌། ༡༢ སྣ་ནམ་རྡོ་རྗེ་བདུད་འཇོམས། ༡༣ ལྕེ་ཛྙཱ་ན་སིདྡི། ༡༤ མཆིམས་ཤཱཀྱ་པྲ་བྷ། ༡༥ བྲང་ཏི་ཛ་ཡ་རཀྵི་ཏ། ༡༦ ཤུད་པུ་དཔལ་གྱི་སེང་གེ། ༡༧ དབའ་མཉྫུ་ཤྲཱི། ༡༨ རྩངས་དེ་ཝེནྡྲ་རཀྵི་ཏ། ༡༩ བྲན་ཀ་མུ་ཏི་ཀ། ༢༠ པ་གོར་བཻ་རོ་ཙ་ན་རཀྵི་ཏ། ༢༡ འཁོན་ནཱ་གེནྡྲ་རཀྵི་ཏ། ༢༢ རྨ་རིན་ཆེན་མཆོག ༢༣ གཙང་ས་ལའི་བུ་རིན་ཆེན་ལེགས་གྲུབ། ༢༤ དྷརྨ་ཨཱ་ཀོ་ལ། ༢༥ དྲན་པ་ནམ་མཁའ། ༢༦ དགྲ་བཅོམ་རིན་ཆེན་སྡེ། ༢༧ རྣམ་པར་མི་རྟོག་པ། ༢༨ ཤཱཀྱ་འོད། ༢༩ ལྕེ་ཁྱི་འབྲུག (ལྕེ་ཁྱི་འབྲུག་ནི་རྒྱལ་རབས་བཞི་བཅུ་ཞེ་གཅིག་པ་རྒྱལ་པོ་ཁྲི་རལ་པ་ཅན་གྱི་སྐུ་དུས་ཀྱི་ལོ་ཙཱ་བ་ཞིག ཕྱི་ལོའི་དུས་རབས་༨༧༧ ཡས་མས་ལ་བྱོན) ༣༠ ཉང་ཁམས་པ་གོ་ཆ། ༣༡ ཛྙཱ་ན་དེ་ཝ་ཀོ་ཥ། ༣༢ ཞང་རྒྱལ་ཉེན་ན་བཟང༌། ༣༣ འགོས་ཆོས་གྲུབ། ༣༤ སྟོང་ཙ་ཨཱརྱ། ༣༥ དྷརྨ་ཏ་ཤྲཱི་ལ། ༣༦ ཀླུའི་རྒྱལ་མཚན། (ཅོག་རོ་ཀླུའི་རྒྱལ་མཚན། བནྡེ་ཀླུའི་དབང་པོ་ཞེས་སྣང་བ་དེ་ཡང་འདི་ཡིན་པར་སྙམ) ༣༧ དཔལ་བརྩེགས་རཀྵི་ཏ། (སྐ་བ་དཔལ་བརྩེགས་སམ། བནྡེ་དཔལ་བརྩེགས་ཞེས་སྣང་བ་དེ་ཡིན་པར་སེམས) ༣༨ རཏྣ་རཀྵི་ཏ། ༣༩ ཡེ་ཤེས་སྡེ། ༤༠ ཛ་ཡ་རཀྵི་ཏ། ༤༡ མཉྫུ་ཤྲཱི་ཝརྨ། ༤༢ རཏྣེནྡྲ་ཤཱི་ལ། ༤༣ བཟང་སྐྱོང༌། ༤༤ ལྷའི་ཟླ་བ། ༤༥ དཔལ་གྱི་ལྷུན་པོ། ༤༦ དཔལ་འབྱོར། ༤༧ ཡེ་ཤེས་སྙིང་པོ། ༤༨ རྒྱལ་བ་ཤེས་རབ། ༤༩ ཤཱཀྱ་བཤེས་གཉེན། ༥༠ དགེ་བ་དཔལ། ༥༡ ལེགས་ཀྱི་སྡེ། ༥༢ གནུབས་ནམ་མཁའི་སྙིང་པོ། ༥༣ ཡི་གེ་པ་དགོན་གླིང་རྨ། ༥༤ གཞོན་ནུ་སྲུང་བ། ༥༥ ནམ་མཁའ་སྐྱོང༌། ༥༦ རིན་ཆེན་བཟང་པོ། ཐོ་རངས་སྐར་ཆེན་དྲུག་ཏུ་གྲགས ༥༧ གྲགས་འབྱོར་ཤེས་རབ། ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས ༥༨ འབྲོ་སེང་དཀར་ཤཱཀྱ་འོད། ༥༩ རྔོག་ལེགས་པའི་ཤེས་རབ། གསང་ནེའུ་ཐོག་བཏབ ༦༠ ལྷ་བླ་མ་ཡེ་ཤེས་འོད། མངའ་རིས་རྒྱལ་པོ ༦༡ རྒྱ་བརྩོན་འགྲུས་སེང་གེ (ཇོ་བོ་རྗེ་བོད་དུ་སྤྱན་འདྲེན་པ་པོ) ༦༢ ནག་འཚོ་ཚུལ་ཁྲིམས་རྒྱལ་བ། (འདི་ཡང་ཇོ་བོ་རྗེ་སྤྱན་འདྲེན་པ་པོ་དང༌། ནག་འཚོའི་འགྱུར་ཞེས་པའི་ནག་འཚོ་དེ་ཡིན) ༦༣ ཁུ་དངོས་གྲུབ། ༦༤ ཆོས་ཀྱི་ཤེས་རབ། ༦༥ མར་ཐུང་དད་པ་ཤེས་རབ། ༦༦ རྨ་དགེ་བའི་བློ་གྲོས། ༦༧ ག་རོད་ཚུལ་ཁྲིམས་འབྱུང་གནས། ༦༨ ཤཱཀྱ་བློ་གྲོས། ༦༩ འབྲོམ་སྟོན་རྒྱལ་བའི་འབྱུང་གནས། དགེ་བསྙེན་ཡིན༧༠ ཁྱུང་པོ་ཆོས་ཀྱི་བརྩོན་འགྲུས། ༧༡ སྟག་ལོ་ཙཱ་བ། ༧༢ འགར་ཆོས་ཀྱི་བཟང་པོ། རི་བོ་རྩེ་ལྔ་ལ་གཤེགས ཤེའུ་བཛྲ་དེ་ཝ། ༧༤ རབ་ཞི་བཤེས་གཉེན། ༧༥ རྔོག་བློ་ལྡན་ཤེས་རབ། ༧༦ ཟངས་དཀར་འཕགས་པ་ཤེས་རབ། ༧༧ གཉན་དར་མ་གྲགས། ༧༨ གཟུ་དགའ་བ་རྡོ་རྗེ། ༧༩ གྱི་ལྗང་དབུ་དཀར། ༨༠ ཆོས་ཀྱི་ཡོན་ཏན། ༨༡ ཆོས་ཀྱི་རིན་ཆེན། ༨༢ ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས། (རྗེ་བཙུན་མི་ལ་རས་པའི་བླ་མ་དང༌། རྗེ་ཙོང་ཁ་པ་ཆེན་པོའི་གསང་འདུས་ཀྱི་སྐོར་གྱི་མན་ངག་གི་ཁུངས་གཏུགས་སའི་བོད་ཀྱི་བླ་མ་གལ་ཆེ་ཤོས་གཉིས་ཡོད་པའི་ནང་ནས་གཅིག་ཡིན། གཅིག་ཤོས་ནི་འགོས་ཁུག་པ་ལྷས་བཙས་ཡིན) ༨༣ འབྲོག་མི་ཤཱཀྱ་ཡེ་ཤེས། ༨༤ འགོས་ཁུག་པ་ལྷས་བཙས། (རྗེ་ཙོང་ཁ་པ་ཆེན་པོའི་འདུས་པའི་མན་ངག་གི་ཁུངས་གཏུགས་ས་ཡིན) ༨༥ གྱི་ཅོ་ཟླ་བའི་འོད་ཟེར། ༨༦ ཀློག་སྐྱ་ཤེས་རབ་བརྩེགས། ༨༧ མལ་ཀྱོ་བློ་གྲོས་གྲགས། ༨༨ སེ་རྩ་བ་བསོད་ནམས་རྒྱལ་མཚན། སྨན་ལུང་བཏབ ༨༩ རོང་པ་ཆོས་བཟང༌། ༩༠ ཡོལ་ལྕགས་རྡོ་རྗེ་དབང་ཕྱུག ༩༡ མང་འོར་བྱང་ཆུབ་ཤེས་རབ། ༩༢ ཙ་མི་སངས་རྒྱས་གྲགས། (རྒྱ་གར་ལ་བྱོན) ༩༣ ཁེའུ་གད་པ་འཁོར་ལོ་གྲགས། ༩༤ སྤོང་ཞོ་གསལ་བ་གྲགས། དིང་རི་ཆོས་གྲགས། ༩༦ རྒྱུས་སྨོན་ལམ་གྲགས། ༩༧ པ་ཚབ་ཉི་མ་གྲགས། ༩༨ བ་རི་རིན་ཆེན་གྲགས། ༩༩ འབྲོ་ཤེས་རབ་གྲགས། ༡༠༠ རྭ་ལོ་ཙཱ་བ་རྡོ་རྗེ་གྲགས། ༡༠༡ ཀྲེ་བོ་ཤེས་རབ་དཔལ། ༡༠༢ བཀྲ་ཤིས་རྒྱལ་མཚན། ༡༠༣ བ་རེག་ཐོས་པ་དགའ། ༡༠༤ རྨ་བན་ཆོས་འབར། ༡༠༥ མཚུར་དབྱིག་གི་རྒྱལ་མཚན། ༡༠༦ མཚུར་དབང་ངེ༌། ༡༠༧ དཔྱལ་ཀུན་དགའ་རྡོ་རྗེ། ༡༠༨ དཔྱལ་དགའ་བ་གྲགས། ༡༠༩ མར་དོ་ཆོས་ཀྱི་དབང་ཕྱུག ༡༡༠ ཆོས་ཀྱི་སྙིང་པོ། ༡༡༡ ཀམ་ཆོས་ཀྱི་ཡེ་ཤེས། ༡༡༢ ཕྱུགས་མཚམས་དབང་ཕྱུག་རྒྱ་མཚོ། ༡༡༣ ཚུལ་ཁྲིམས་ཡོན་ཏན། ༡༡༤ ཁྱེའུ་གར་པ་ཡོན་ཏན་དཔལ། ༡༡༥ བསོད་ནམས་བཟང་པོ། ༡༡༦ སུམ་པ་དཔལ་མཆོག་རྡོ་རྗེ། ༡༡༧ ཉི་མ་རྡོ་རྗེ། ༡༡༨ ཁུ་དགེ་བསྙེན་ནེ་ཙོ། ༡༡༩ ཀློག་སྐྱ་གཞོན་ནུ་འབར། ༡༢༠ ལྷ་ཡེ་ཤེས་རྒྱལ་མཚན། ༡༢༡ བྱང་ཆུབ་འབྱུང་གནས། ༡༢༢ གླན་ཆོས་ཀྱི་བློ་གྲོས། ༡༢༣ ཅོག་གྲུ་ཏིང་ངེ་འཛིན་བཟང་པོ། ༡༢༤ ཤེས་རབ་ཡེ་ཤེས། ༡༢༥ རིག་པ་གཞོན་ནུ། ༡༢༦ གཞོན་ཚུལ། ༡༢༧ ཁུ་མདོ་སྡེ་འབར། ༡༢༨ ཤེས་རབ་བརྩོན་འགྲུས། ༡༢༩ གཡུང་དྲུང་འོད། ༡༣༠ བསོད་ནམས་རྒྱལ་བ། ༡༣༡ ཅོག་གྲུ་ཤེས་རབ་བླ་མ། ༡༣༢ ཅོག་གྲུ་མྱ་ངན་མེད་པའི་དཔལ། ༡༣༣ ལ་ཆིངས་ཡོན་ཏན་འབར། ༡༣༤ བསོད་ནམས་མོས་པ། ༡༣༥ དགེ་ཚུལ་ཁྱུང་གྲགས། ༡༣༦ ཚུལ་ཁྲིམས་བརྩེགས། ༡༣༧ ལྷ་བཙུན་པ། ༡༣༨ ལྷ་བཙན་པོ་མུ་ནི་རཱ་ཛ། ༡༣༩ རྔོག་བུདྡྷ་པཱ་ལ། ༡༤༠ རྒྱ་ལོ་ཙྪ། ༡༤༡ སྦལ་རྡོ་རྗེ་རྒྱལ་པོ། ༡༤༢ ལྷ་རིན་པོ་ཆེ། ༡༤༣ ལྷ་ཆོས་ཀྱི་རིན་ཆེན། ༡༤༤ སྐྱུར་ཚུལ་ཁྲིམས་རིན་ཆེན། ༡༤༥ དགེ་སློང་བྱའི་གདོང་ཅན། ༡༤༦ ར་བྱིད་ལོ་ཙཱ་བ། ༡༤༧ ཕུར་བུ་འོད། ༡༤༨ པ་ཚབ་རྒྱལ་མཚན། ༡༤༩ ཤེས་རབ་གྲགས། ༡༥༠ ནག་ཚོ་དར་མ་གྲགས། ༡༥༡ མར་པ་བློ་གྲོས་བཟང་པོ། ༡༥༢ སེ་ལོ་ཙཱ་བ། ༡༥༣ ཟླ་བ་གྲགས་པ། ༡༥༤ མཉལ་མི་ཡེ་ཤེས་ཆོས། ༡༥༥ ཆོས་ཀྱི་ཟླ་བ། ༡༥༦ དགེ་སློང་ཤེས་རབ་སྐྱབས། ༡༥༧ ནག་ཚོ་ཤེས་རབ་རྒྱལ་མཚན། ༡༥༨ འ་ཞ་རྒྱ་གར་བརྩེགས། ༡༥༩ གཉན་བསོད་ནམས་དར། ༡༦༠ བ་རི་ཆོས་གྲགས། ༡༦༡ ཨོང་པོ་ལོ་ཙཱ་བ། ༡༦༢ གཞོན་ནུ་ཤེས་རབ། ༡༦༣ འགར་ཤེས་རབ་འབྱུང་གནས། ༡༦༤ འཇམ་དཔལ་གཞོན་ནུ། ༡༦༥ ཤེས་རབ་འོད་ཟེར། ༡༦༦ ལྕེ་དགའ་བ་དཔལ། ༡༦༧ ཡེ་ཤེས་འབྱུང་གནས། ༡༦༨ ཤཱཀྱ་བརྩོན་འགྲུས། ༡༦༩ རྭ་ཆོས་གྲགས། ༡༧༠ ལོ་བཙུན་ཆུང་རྡོ་རྗེ་རྒྱལ་མཚན། ༡༧༡ ཞ་མ་དགེ་བསྙེན་སེང་རྒྱལ། ༡༧༢ ལྕེ་བཀྲ་ཤིས། ༡༧༣ ཆག་དགྲ་བཅོམ། ༡༧༤ དཔྱལ་ཆོས་བཟང༌། ༡༧༥ གནུབས་བྱམས་པའི་དཔལ། (ཉི་མ་ལྟ་བུར་གྲགས) ༡༧༦ ས་སྐྱ་པཎྜི་ཏ། (ཟླ་བ་ལྟ་བུར་གྲགས། ཐོག་མཉམ་པ་ཉི་ཟླ་ཟུང་གཅིག་ཏུ་གྲགས་སོ) ༡༧༧ ཆག་ཆོས་རྗེ་དཔལ། ༡༧༨ དཔྱལ་ཤེས་རབ་འོད། ༡༧༩ ཞང་གྲུབ་པ་དཔལ། ༡༨༠ གློ་པོ་ཤེས་རབ་རིན་ཆེན། ༡༨༡ ལྷོ་བྲག་པ་དར་སེང༌། ༡༨༢ མི་མཉམ་བཟང་པོ། ༡༨༣ ཤོང་རྡོ་རྗེ་རྒྱལ་མཚན། ༡༨༤ ཤོང་བློ་གྲོས་བརྟན་པ། ༡༨༥ ཁམས་པ་བློ་གྲོས་རྒྱལ་པོ། ༡༨༦ འདན་མ་ཚུལ་སེང༌། ༡༨༧ རས་གཞོན་བརྩོན། ༡༨༨ ཤུད་ཀྱེ་གྲགས་པ་རྒྱལ་མཚན། ༡༨༩ ཉི་མ་རྒྱལ་མཚན་དཔལ་བཟང་པོ། ༡༩༠ དཔང་བློ་གྲོས་བརྟན་པ། ༡༩༡ སྒྲ་ཚད་པ་རིན་རྒྱལ། ༡༩༢ ལེགས་པའི་བློ་གྲོས་ལ་སོགས་པའོ། །གཞན་ཡང་འདིར་མ་ཚུད་པའི་ལོ་ཙཱ་བ་རྣམས་ཀྱང་ཇི་ལྟར་རྙེད་པ་བསྣན་པར་བྱའོ། །དུས་རབས་བརྒྱད་པའི་དཀྱིལ་ནས་བཟུང་བོད་ལ་ནང་པའི་ཆོས་དང་རིག་གཞུང་རྣམས་བོད་སྐད་དུ་བསྒྱུར་འགོ་ཚུགས་པ་ནས་དུས་རབས་བཅོ་བརྒྱད་པའི་འགོ་བར་བོད་ལ་ལོ་ཙཱ་བ་སུམ་བརྒྱ་ལྷག་ཙམ་བྱུང་བ་ཉེ་དུས་ཀྱི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་རིན་པོ་ཆེའི་ཚིག་མཛོད་དུ་གསལ།
|