From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བོད་སིལ་བུའི་སྐབས
|
Tibetan Definition
|
ཕྱི་ལོ་༨༤༢ལོར་ལྷ་ལུང་དཔལ་གྱི་རྡོ་རྗེས་གླང་དར་བཀྲོངས་ནས། རབ་བྱུང་བཞི་པའི་ཆུ་གླང་༡༢༥༣ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་བོད་ཆོལ་ཁ་གསུམ་ལ་དབང་མ་བསྒྱུར་བའི་བར་ལོ་བཞི་བརྒྱ་བཅུ་གཅིག་གི་རིང་དེར་བོད་སྤྱི་ལ་དབང་བའི་རྒྱལ་པོ་མ་བྱུང་བར་བརྟེན་བོད་སིལ་བུ་སྐབས་ཟེར་བ་རེད། འདིའི་སྐབས་སུ་རྒྱ་ནག་སུང་རྒྱལ་རྒྱུད་ཀྱིས་དབང་བསྒྱུར་བའི་སྐབས་དང་། རྒྱ་གར་དང་། བལ་ཡུལ་དུ་སྤྱི་ལ་དབང་བའི་རྒྱལ་པོ་མེད་པས་ཕན་ཚུན་འཐབ་རྩོད་མང་ཞིང་། ལྷག་པར་ཆོས་ལུགས་ཀྱི་ཕྱོགས་ཞེན་ཆེ་བས་དུས་མི་བདེ་བ་རླུང་དམར་འཚུབ་པ་ལྟ་བུའི་སྐབས་ཡིན་པར་བཤད། མདོར་བསྡུས་ཏེ་བཤད་ན་ཕྱི་ལོ་༨༤༢-༡༢༥༣ བར་ལོ་༤༡༡ལ་བོད་སིལ་པོར་གནས་པའི་སྐབས་ཟེར།
|