From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བོན་པ
|
Tibetan Definition
|
འདོན་པའམ་བཟླས་བརྗོད་བྱེད་པའི་དོན། དཔེར་ན་ཆོ་ག་དང་རིག་སྔགས་འདོན་མཁན་ལ་བོན་མོ་ཟེར་བ་ལྟ་བུ། བོན་མོ་ལ་གཟིགས། བོན་པོ་ཞེས་གྲགས་པ་ཡང་རིག་སྔགས་བཟླས་བརྗོད་བྱེད་པ་ལ་བཏགས་པར་སེམས་སོ། །བསྟན་དར་ལྷ་རམས་པས། བོན་པ་ནི་བཟླས་པ་སྟེ། མདོ་སྡེ་ཟ་མ་ཏོག་བཀོད་པ་ལས། ཡི་གེ་དྲུག་པའི་རིག་སྔགས་འདི་བོན་ཞེས་དང་། གང་གི་ཚེ་འདི་བོན་པ་དེའི་ཚེ་ནག་པོ་ཆེན་པོ་དང་ཤ་ཟ་དང་མཁའ་འགྲོ་མ་ལ་སོགས་པ་ཐམས་ཅད་བྱེར་བར་འགྱུར་རོ། །ཞེས་གསུངས་སོ། །ཞེས་གསུངས།
|