5768
Jump to navigation
Jump to search
བོན་མོ | |
Tibetan Definition | ཆོ་ག་དང་རིག་སྔགས་སོགས་འདོན་མཁན་ལ་ཟེར། འདིའི་མོ་ཞེས་པ་བུད་མེད་ཀྱི་སྒྲ་སྦྱར་བ་མ་ཡིན། དཔེར་ན་ཇ་མ་ཟེར་བ་བཞིན་ནོ། །ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པའི་མདོ་སྡེ་དགེ་བཀའ་འགྱུར་༼ ཨཿ ༽༢༠༣ན༧ལས། ཚེ་འདི་ལ་བོན་མོ་བྱས་ནས་འདྲེ་གདོན་གྱི་ཚིག་འདོན་ཅིང་གཞན་དག་བསླུས་ཏེ་ནོར་བླངས་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ཤའི་རི་ལྟ་བུའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཞེས་སོགས་གསུངས་སོ། ། |
---|