5772

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱ་ཁྱུང༌
Tibetan Definition <ག་རུ་ཊ> མཁའ་ལྡིང༌། འདབ་ཆགས་མིའི་གཟུགས་ཅན་ཆེན་པ་ཞིག་སྔར་བོད་ལ་བྱུང་ཚུལ་ཡིག་ཆ་ཁ་ཤས་ལ་གསལ་བ་ཙམ་མ་ཟད། དེའི་རིགས་བརྒྱུད་ཀྱང་ཡོད་པའི་ལོ་རྒྱུས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རང་རྣམ་ནོར་བུ་སྣ་ཚོགས་པའི་མདོག་ཅན་ཤོག་གྲགས་༦བ་༣ ན་གསལ་ཞིང༌། དེ་གནས་པའི་བྲག་ཕུག་ཀྱང་གནས་བཤད་ཤོད་རྒྱུན་ཞིག་ཀྱང་ཡོད་འདུག དགོན་རྙིང་འགའ་ཞིག་ལ་བྱ་ཁྱུང་གི་སྒོ་ང་ཡིན་ཟེར་བའི་སྒོ་ང་ཆེན་པོ་རྟེན་ཁྲོད་དུ་བསྒྲིགས་པ་དག་འདུག་པ་དེ་ཚོ་ནི་ཨ་ཕི་རི་ཀའི་ནང་ཡོད་པའི་ཨོ་སེ་ཀྲེ་ཅེ་Ostrich ཟེར་བའི་བྱ་ཆེན་དེའི་སྒོ་ང་ཡིན་པར་ངེས་ཤིང༌། ཁྱུང་གི་ལོ་རྒྱུས་ལྟར་བྱས་ན་སྒོ་ང་དེ་ཚོ་ལས་བརྒྱ་འགྱུར་ཁ་ཤས་ཆེ་བ་ཞིག་དགོས་ངེས་རེད། ཅེས་སྒ་སྒབ་པ་དབང་ཕྱུག་བདེ་ལྡན་གྱི་སྲིད་དོན་རྒྱལ་རབས་ནང་གསལ། ཡང༌། དུས་རབས་བཅུ་བཞི་པའི་མར་ཀོ་པོ་ལོའི་ Travels of Marco Polo ལམ་ཡིག་༣༡༢ The great island of Madagascar ནང༌། གཟུགས་དབྱིབས་བྱ་རྒོད་དང་འདྲ་ལ་གླང་ཆེན་ཡང་སྦར་མོས་འཁྱེར་ནུས་པའི་བོངས་ཚོད་ཤིན་ཏུ་ཆེ་བའི་བྱ་ཆེན་པོ་ཞིག་མཐོང་རྒྱུ་ཡོད་པའི་འགྲེལ་བཤད་བྱས་ཤིང་། གླང་ཆེན་སྦར་མོས་བཟུང་ནས་མཁའ་ལ་འཕུར་བསྐྱོད་བྱེད་པའི་རི་མོ་དག་ཀྱང་མཐོང་རྒྱུ་འདུག་པ་དེ་བོད་པས་བྱ་ཁྱུང་ཟེར་བ་དེ་ག་རང་དུ་འདུག་སྙམ། འདིའི་དོགས་གཅོད་གཤམ་དུ་གཟིགས། དེའི་སྒོ་ང་ཆེན་པོ་ཞིག་དབྱིན་ཡུལ་གྱི་འགྲེམ་སྟོན་ཁང་ཞིག་ཏུ་ཡོད་ཅིང་སྒོ་ང་དེའི་ཤུན་སྐོགས་ཀྱི་ནང་ལི་ཀྲར་བརྒྱད་མ་ཟིན་ཙམ་གྱི་ཤོང་ཚད་ཡོད་པ་རེད་ཅེས་མཆན་ཡིག་ཏུ་འཁོད་འདུག བྱ་འདི་དུས་རབས་བཅུ་བདུན་ཙམ་གྱི་བར་དུ་མཐོང་རྒྱུ་ཡོད་པའི་ལོ་རྒྱུས་འདུག་ཅིང་། བྱ་འདིའི་རུས་སྒྲོམ་ལ་གཞིགས་ཏེ་བཟོས་པའི་བྱ་དེའི་གཟུགས་བརྙན་ལ་བལྟས་ཚེ་བྱ་དེ་གཟུགས་དབྱིབས་ཨོ་སེ་ཀྲེ་ཅེ་ Ostrich དང་འདྲ་ལ། མཐོ་ཚད་ཕི་ཀྲིའམ་རྐང་ཁྲུ་བཅུ་ཙམ་ཡོད་པའི་འགྲེལ་བརྗོད་བྱས་པར་གཞིགས་ན། ང་ཚོས་འགྲེལ་བཤད་བྱེད་པའི་བྱ་ཁྱུང་དང་མི་འདྲ་བར་སྣང་ངོ་། །ཕྱི་རྒྱལ་བས་འདི་ལ་ elephant bird གླང་ཆེན་བྱ་ཟེར།