5803

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱ་རོག་རྐང་པ
Tibetan Definition (འདུལ་བ) 1 ཆོས་གོས་སོགས་ཀྱི་ལྟེབ་ཆགས་མི་འགྱུར་བའི་ཆེད་དུ་གནན་པའི་བྱ་རོག་གི་རྐང་པ་འདྲ་བའི་ཚེམ་བུ་སྔོན་པོ་ཟུར་གསུམ་པ་ཞིག ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། ལྟེབས་པར་མི་འགྱུར་བར་བྱ་བའི་ཕྱིར་བྱ་རོག་གི་རྐང་པའི་རྣམ་པ་ལྟར་སྐུད་པས་གནན་པ་ནི་བྱ་རོག་གི་རྐང་པའོ། །ཞེས་གསུངས་སོ།། 2 འབོལ་སྟན་གྱི་ནང་ཚངས་ཕན་ཚུན་དུ་མི་འགྱུར་བར་ཕྱོགས་གཅིག་ཏུ་གནས་ཤིང་ཁོད་སྙོམས་པར་བྱ་བའི་ཕྱིར་སྟན་གྱི་དཀྱིལ་དཀྱིལ་དུ་བཏབ་པའི་བྱ་རོག་གི་རྐང་པ་འདྲ་བའི་ཚེམ་བུ་ཟུར་གསུམ་པ་ཞིག རྩ་རང་འགྲེལ་ (རང་གི་རྣམ་བཤད) ལས་ཀྱང་། བལ་དང་། ཤ་ན་དང་། རས་བལ་དང་། རས་མ་དག་དང་། ལོ་མའི་ཚོགས་དག་གིས་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། འདིར་རུང་བར་གྲགས་པ་བསྟན་པའི་ཕྱིར་དེ་དག་སྨོས་པར་མ་ཟད་ཀྱི། བཟང་པོའི་སྒྲ་འཇུག་པ་ཡིན་ནོ། །དོན་ཇི་ལྟ་བ་བཞིན་དུ་འདུག་པར་བྱ་བའི་ཕྱིར་མདོ་མདོར་བྱ་རོག་རྐང་དག་བྱའོ་ཞེས་བྱ་བ་ལ། དོན་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི། ཐམས་ཅད་དུ་ཁོད་སྙོམས་པར་འགྱུར་བ་འདི་ནི་འདིར་དོན་ཏོ། །དེ་ཇི་ལྟ་བ་བཞིན་དུ་སྒྲུབ་པ་དེ་ལྟར་གནས་པའི་ཕྱིར་སྟན་ནང་ཚངས་ཅན་གྱི་ཕྱོགས་ཐམས་ཅད་དུ་སྙོམས་པར་ཁྱབ་ཅིང་། གཞན་དུ་མི་འཇུག་པར་བྱ་བའི་ཕྱིར་བྱ་རོག་གི་རྐང་པ་འདྲ་བ་དག་གིས་གཟུངས་གདབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་སོ། །3 ཕོ་རོག་གི་རྐང་པ།