5804

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱ་རྒོད་ཕུང་པོའི་རི
Tibetan Definition <གྲི་དྷ་ཀུ་ཊི> རྒྱལ་པོའི་ཁབ་ཀྱི་བྱང་ངོས་ལ་གིརྫ་ཀུ་ཊི་བྱ་བ་བྱ་རྒོད་ཕུང་པོའི་རི་བོ་ཡོད་ཅིང༌། དེ་ནི་བཅོམ་ལྡན་འདས་ཀྱིས་ཤེར་ཕྱིན་མདོ་གསུངས་པའི་རྒྱ་གར་གྱི་ནང་པའི་གནས་ཆེན་ཞིག སྒྲ་བཤད་ནི། ས་ལུ་ལྗང་པའི་མདོར་བྲག་བྱ་རྒོད་ཀྱི་མགོའི་དབྱིབས་ལྟ་བུར་ཡོད་པས་དེ་ལྟར་བཏགས་པར་གསུངས་ལ། ལོ་རྒྱུས་ཁ་ཅིག་ཏུ་ཤེར་ཕྱིན་མདོ་གསུངས་པའི་ཚེ་ཞིང་གཞན་ནས་བྱང་སེམས་དུ་མ་བྱ་རྒོད་ཀྱི་གཟུགས་སུ་སྤྲུལ་ཏེ་ཆོས་ཉན་པར་འོངས་པས་ཡིན་པར་བཤད། ཅེས་རྗེ་གུང་ཐང་པ་གསུང་། ཡང་། རིའི་རྩེ་མོ་བྱ་རྒོད་དང་འདྲ་བ་ཡོད་པས་དེ་སྐད་ཅེས་བཏགས། དགེ་ལེགས་བཤེས་གཉེན་གསུང་། ཡང་། ཡུལ་ལྗོངས་དེ་རྒྱ་ཆེ་བས་བྱ་རྒོད་ཕུང་པོའི་རི་སྟེ་མཐོ་ལ་བྱ་མང་པོ་འདུ་བའི་ཕྱིར་མིང་དུ་བཏགས་སོ། །ཞེས་ཛྷཱ་ན་མི་ཏྲའམ་ཡེ་ཤེས་བཤེས་གཉེན་གྱི་ཤེས་རབ་ཀྱི་ཕ་རོལ་པའི་རྣམ་པར་བཤད་པ་ལས་གསུངས་པ་ལྟར་རོ། །འདིའི་གནས་བཤད་ཡ་མཚན་པ་ཞིག་མདོ་དཀོན་བརྩེགས་༼ ཀ་པའི ༽དབུ་ན་བཞུགས་སོ། །