5809

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱ་རྨྱང
Tibetan Definition (འདུལ་བ) ཐང་ཆད་པ་དང་གཉིད་བྲོ་སྐབས་ཁ་གདངས་ཤིང་རྐང་ལག་བརྐྱང་པའི་དོན། འདི་ལ་རྐྱོང་ཤད་བྱེད་པ་ཡང་ཟེར། ལུས་གྱེན་དུ་འཆུ་བ་དང་ལུས་བརྐྱངས་པ་ལའང་ཟེར་ཏེ། རྣམ་འབྱེད་འགྲེལ་༼ ཚུ་པ ༽༦༢བ༣ ལས། བྱ་རྨྱང་ཞེས་བྱ་བ་ནི་ལུས་གྱེན་དུ་འཆུ་བའོ། །ཞེས་དང་། ༡༣༢བ༤ལས། བྱ་རྨྱངས་ཞེས་བྱ་བ་ནི་ལུས་བརྐྱངས་པའོ། །ཞེས་གསུངས་སོ། །འདི་ལ་འབྲི་ཚུལ་གསུམ་ཙམ་སྣང་སྟེ། བྱ་རྨྱང་། བྱ་སྨྱང་། བྱ་རྨྱངས། བྱ་བརྙངས། འདིའི་བརྙངས་ནི་བརྐྱངས་པའི་དོན་ཡིན། དཔེར་ན་མཇིང་པ་བསྣར་བ་ལ་མཇིང་པ་བརྙངས་ཞེས་པ་ལྟ་བུ། དེས་ན་རྨྱང་དང་། བརྙངས། བསྣར། བརྐྱངས་རྣམས་འདིར་དོན་འདྲའོ། །ཚིག་འདིའི་ཐོག་མའི་འབྱུང་ཁུངས་ནི་བྱ་བྱིའུ་རྣམས་གཤོག་པ་དང་རྐང་ལག་རྐྱོང་ཤད་བྱེད་པ་དེ་ལས་བྱུང་བར་སེམས་སོ། །