5812

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱ་ལེ
Tibetan Definition མོ་མཚན་གྱི་བུ་གའི་གོང་ཙམ་དུ་ཡོད་པའི་ཤ་འབུར་ཆུང་ངུ་དེའི་མིང་། འདི་ལ་བུད་མེད་ཀྱི་ཟེའུ་འབྲུ་ ཞེས་ཀྱང་ཟེར། འབྲུག་རྫོང་ཁའི་ཚིག་མཛོད་དུ་བྱ་རླི་ཞེས་ཀྱང་བྲིས་སྣང་། ཕྱི་རྒྱལ་བས་clitoris ཟེར་བ་དེའོ། །འདི་ལ་གསང་སྔགས་ཀྱི་གཞུང་དུ་བྱ་རོག་གདོང་དང་། མཁའ་འགྲོ་གདོང་ཞེས་ཟེར། གསང་སྔགས་ཀྱི་གཞུང་དུ་རྩ་དབུ་མའི་མར་སྣེ་འདི་ལ་ཟུག་ཡོད་པར་བཤད་པས། འདི་ལ་རེག་ན་ཨི་ཙི་གུ་ལུ་ཟ་བའི་ཚོད་ཙམ་གྱི་ཧ་ཅང་གི་ཚོར་བ་རྣོ་བའམ་ཚོར་སྐྱེན་པ་ཞིག་སྟེ། བུད་མེད་རྣམས་ཀྱི་འཁྲིག་པའི་བདེ་བ་མཐར་ཐུག་ཀྱང་འདི་ལ་རེག་ན་འབྱུང་བ་ཡིན།