5814
Jump to navigation
Jump to search
བྱ་སྒྲུབ་ཡེ་ཤེས | |
Tibetan Definition | 1 (འབྲས་དུས་ཀྱི་བྱ་སྒྲུབ་ཡེ་ཤེས) བདག་གཞན་གྱི་སྒོ་གསུམ་གྱི་བྱ་བ་རྣམས་རྫོགས་པར་སྒྲུབ་པར་མཁྱེན་པའི་སངས་རྒྱས་ཀྱི་ཡེ་ཤེས་ལ། བྱ་སྒྲུབ་ཡེ་ཤེས་ཟེར། ཡང་ན་དཀོན་མཆོག་གསུམ་གྱི་བསྟོད་པ་འགྲེལ་པ་རྒྱ་གར་གྱི་སློབ་དཔོན་རྒྱལ་བའི་སྲས་ཀྱིས་མཛད་པ་ལས་བཤད་པ་ལྟར། འགྲོ་བ་རྣམས་གདུལ་བའི་བྱ་བ་གང་ཡིན་པ་མ་ལུས་པ་མཛད་པར་མཁྱེན་པའི་ཡེ་ཤེས་ལ་ཟེར་རོ། ། |
---|