5822

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་ཀྱི་ཕྱོགས
Tibetan Definition (ཕར་ཕྱིན) སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་སྤངས་རྟོགས་ཕུན་སུམ་ཚོགས་པ་ལ་བྱང་ཆུབ་ཟེར་ལ། དེའི་རྒྱུའམ་གཞི་ལ་ཕྱོགས་ཞེས་བྱ་སྟེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ་༼ ཅི ༽༡༦༧ན༥ལས། བྱང་ཆུབ་ནི་སྤངས་པ་དང་ཡེ་ཤེས་ཀྱི་མཚན་ཉིད་དེ། དེ་ལ་སྤངས་པའི་མཚན་ཉིད་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །ཡེ་ཤེས་ནི་མེ་ལོང་ཡེ་ཤེས་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་ཀུན་ཏུ་རྟོག་པ་དང་། བྱ་བ་སྒྲུབ་པའོ། །བྱང་ཆུབ་དེ་ཐོབ་པར་བྱ་བའི་རྒྱུའམ། གཞི་ལ་བྱང་ཆུབ་ཀྱི་ཕྱོགས་ཞེས་བྱ་སྟེ། དེའང་དྲན་པ་ཉེར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་ལ་སོགས་པ་སུམ་ཅུ་རྩ་བདུན་ནོ། །ཞེས་གསུངས་པ་ལྟར་རོ། །