5844

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་སེམས་དཔའ
Tibetan Definition 2 སངས་རྒྱས་པའི་མཛད་པ་མ་བསྟན་གོང་བདག་ཅག་གི་སྟོན་པ་ལ་བྱང་ཆུབ་སེམས་དཔའ་ཞེས་ཞུ་བ་རེད། དཔེར་ན། བྱང་ཆུབ་སེམས་དཔའ་ (བདག་ཅག་གི་སྟོན་པ) འཚང་རྒྱ་ཁར་རྩྭ་ཚོང་གི་ཁྱེའུ་བཀྲ་ཤིས་ལ། བཀྲ་ཤིས་རྩྭ་ (བཀྲ་ཤིས་རྩ་ཞེས་པ་བཀྲ་ཤིས་པའི་རྩ་ལ་ཟེར་ཡིན་གྱི་རྩ་འཚོང་བཀྲ་ཤིས་ལ་འབོད་པ་ནི་མིན་ནོ། །འདུལ་བ་གཞི་རྒྱ་ཆེར་འགྲེལ་ལ་གཟིགས་ན་ཤེས་པར་འགྱུར་རོ) ནི་ང་ལ་མྱུར་དུ་བྱིན། །དེ་རིང་ང་ལ་རྩྭ་ནི་དོན་ཆེན་འགྱུར། །དཔུང་དང་བཅས་པའི་བདུད་ནི་བཅོམ་ནས་སུ། །བྱང་ཆུབ་དམ་པ་ཞི་བར་རེག་པར་འགྱུར། །ཞེས་དང་། སྟན་འདིར་བདག་ནི་ལུས་ནི་བསྐམས་ཀྱང་རུང་། །པགས་པ་རུས་པ་ཤ་རྣམས་ཞིག་ཀྱང་རུང་། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་པར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཞེས་གསུངས་པ་ལྟར་རོ། །དགེ་འདུན་ཆོས་འཕེལ་གྱི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས་ཀྱང་། (བྱང་ཆུབ་སེམས་དཔའ) ཐ་སྙད་འདི་ལན་མང་པོ་བེད་སྤྱད་བྱས་ཡོད།