5845

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་སེམས་དཔའ་ལ་ཡོད་པ་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་སུམ་ཅུ་རྩ་བཞི
Tibetan Definition སངས་རྒྱས་འཕགས་པའི་རྒྱུད་ཀྱི་གཉེན་པོའི་ལམ་གསུམ། མཐོང་ཆོས་ལ་བདེར་གནས་ཀྱི་ལམ་ལྔ། འཇིག་རྟེན་ལས་འདས་པའི་ལམ་དགུ། སྤོང་ལམ་གྱི་རིགས་འདྲ་ཕྱི་མ་བཞི། སངས་རྒྱས་ཉིད་ཀྱི་ལམ་བཅུ་རྣམས་སུ་ཡོད་པའི་ཕྱིར། གཉེན་པོའི་ལམ་གསུམ་ཡོད་དེ། རྣམ་ཐར་སྒོ་གསུམ་གྱི་རྣམ་པ་གསུམ་ཡོད་པའི་ཕྱིར། སྤྲུལ་པའི་ལམ་གསུམ་ཡོད་དེ། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་མཐར། གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར། གེགས་སེལ་སྡུག་པའི་རྣམ་ཐར་རྣམས་སུ་ཡོད་པའི་ཕྱིར། མཐོང་ཆོས་ལ་བདེར་གནས་ཀྱི་ལམ་ལྔ་ཡོད་དེ། ཚེ་འདི་ལ་བདེ་བར་གནས་པའི་ལམ་གཟུགས་མེད་ཀྱི་སྙོམས་འཇུག་བཞི་དང༌། འགོག་པའི་རྣམ་ཐར་རྣམས་སུ་ཡོད་པའི་ཕྱིར། འཇིག་རྟེན་ལས་འདས་པའི་ལམ་་ལ་སྒྲས་རྗོད་རིགས་ལ་དགུ་ཡོད་དེ། འཕགས་པའི་རྒྱུད་ཀྱི་བསམ་གཏན་གྱི་སྙོམས་འཇུག་བཞི་དང༌། གཟུགས་མེད་ཀྱི་སྙོམས་འཇུག་བཞི། འགོག་པའི་སྙོམས་འཇུག་རྣམས་སུ་ཡོད་པའི་ཕྱིར། སྤོང་བའི་ལམ་བཞི་ཡོད་དེ། ཆོས་བཟོད་བར་ཆད་མེད་ལམ་གྱི་རྣམ་པ་ཡུལ་བདེན་བཞིས་བསྡུས་པའི་ཡུལ་ཅན་ཀུན་ནས་ཉོན་མོངས་པ་དང་མི་ལྡན་པའི་མཚན་ཉིད་བཞི་ཡོད་པའི་ཕྱིར། སངས་རྒྱས་ཉིད་ཀྱི་ལམ་བཅུ་ཡོད་དེ། སྦྱིན་སོགས་ཕར་ཕྱིན་དྲུག། ཐབས་སྟོབས་སྨོན་ལམ་ཡེ་ཤེས་ཀྱི་ཕར་ཕྱིན་དང་བཅུ་རྣམས་སོ། །