585

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱིམ་བཅུ་གཉིས
Tibetan Definition བུམ་པ། ཉ། ལུག (དཔྱིད་ཀྱི་དུས) གླང་། འཁྲིག་པ། ཀརྐ་ཊ། (དབྱར་གྱི་དུས) སེངྒེ། བུ་མོ། སྲང་། (སྟོན་གྱི་དུས) སྡིག་པ། གཞུ། ཆུ་སྲིན། (དགུན་གྱི་དུས) ཁྱིམ་བཅུ་གཉིས་སོ། །གཞན་ཡང་། ཁྱིམ་བཅུ་གཉིས་དུས་བཞིར་བགོ་ཚུལ་སེ་ར་བྱེས་པའི་བྱ་སྡོམ་ནང་གོང་དང་ཅུང་མི་འདྲ་བ་འདི་ལྟར། གཞུ་དང་ཆུ་སྲིན་བུམ་པ་དགུན། །ཉ་ཁྱིམ་ལུག་ཁྱིམ་གླང་ཁྱིམ་དཔྱིད། །འཁྲིག་པ་ཀརྐ་ཊ་སེངྒེ་དབྱར། །བུ་མོ་སྲང་དང་སྡིག་ཁྱིམ་སྟོན། །ཞེས་གསུངས་སོ། །ཁྱིམ་བཅུ་གཉིས་ལ་མིང་དེ་ལྟར་བཏགས་པའི་རྒྱུ་མཚན་ནི། ༡ འཛམ་བུའི་གླིང་ན་གཞུ་སྲ་བའི་དུས་དང་། ༢ ཆུ་སྲིན་གྱི་ཁ་ཉི་མ་ལ་བསྟན་ནས་འདུག་པའི་དུས་དང་། ༣ བུམ་པའི་ནང་གི་ཆང་རོ་ནུས་དང་ལྡན་པའི་དུས་དང་། ༤ ཉ་རྣམས་ཆུ་ལ་རྒྱུ་བའི་དུས་དང་། ༥ ལུ་གུ་སྐྱེ་བའི་དུས་དང་། ༦ གླང་རྣམས་ཀྱིས་ཞིང་རྨོ་བའི་དུས་དང་། ༧ དུད་འགྲོ་རྣམས་འདོད་ཆགས་ལངས་པའི་དུས་དང་། ༨ ཀརྐ་ཊ་ནི་སྦལ་པའི་མིང་ཡིན་པས་དེས་སྐད་འབྱིན་པའི་དུས་དང་། ༩ སེངྒེས་ཆགས་པ་སྤྱོད་པའི་དུས་དང་། ༡༠ བུ་མོ་རྣམས་མདངས་བཟང་བའི་དུས་དང་། ༡༡ སྲང་ངམ་ཉ་ག་ལ་ཇ་མར་འདེགས་པའི་དུས་དང་། ༡༢ སྡིག་པ་རྣམས་ཁུང་དུ་འགྲོ་བའི་དུས་དང་། ཡང་ཁ་ཅིག་འདི་མི་རྣམས་ཀྱིས་དུད་འགྲོ་གསོད་པའི་དུས་ཡིན་པས་སྡིག་པའི་དུས་ཡང་ཟེར། ཁྱིམ་ནི་རཱ་ཤིའི་སྒྲ་ལས་ཚོགས་པའམ་ཕུང་པོའི་དོན་ཡིན་ཞེས་ཤེས་བྱ་མཛོད་འགྲེལ་སྟོད་ཆ་༢༢༡ན་གསལ་ལོ། །