5854

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ
Tibetan Definition མཛད་པ་བཅུ་གཉིས་ཀྱི་བརྒྱད་པ་སྟེ། རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་གི་ས་གཞིར་ཕེབས་པ་ལ་ཟེར། དེ་འདྲའི་ས་གཞི་དེ་ལ་བཛྲ་ས་ནའམ་རྡོ་རྗེ་གདན་ཟེར་རོ། །རྡོ་རྗེ་གདན་ཞེས་པའི་ཐོག་མའི་ཐ་སྙད་འཇུག་གཞི་ཡང་དེ་ཡིན་ནོ། །རྗེས་སུ་རིམ་གྱིས་དེའི་ཉེ་འཁོར་གྱི་ཡུལ་ལའང་རྡོ་རྗེ་གདན་ཞེས་མིང་ཐོགས་སོ། །དེ་ལ་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པའི་མཛད་པ་ཞེས་འབྲེལ་སྒྲ་བྱས་ཀྱང་མི་འཐད་པ་མེད་དོ། །དེ་ལྟ་བུའི་རྡོ་རྗེའི་ས་གཞི་ལ་བྱང་ཆུབ་སྙིང་པོ་ཞེས་པའི་རྒྱུ་མཚན་ནི། བྱང་ཆུབ་སྙིང་པོ་དངོས་ནི་སངས་རྒྱས་ཀྱི་གོ་འཕང་ཡིན་ལ། བཅོམ་ལྡན་འདས་ཀྱིས་གནས་དེར་བྱང་ཆུབ་སྙིང་པོ་མངོན་དུ་མཛད་པས། གནས་དེ་ལ་བྱང་ཆུབ་སྙིང་པོ་ཞེས་མིང་ཐོགས་སོ། །