586

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱིམ་བདག་དཔལ་སྐྱེས་ཀྱི་མདོ
Tibetan Definition ལོ་བརྒྱ་ལོན་པའི་མི་རྒད་པོ་ཞིག་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་མཐར་སྡུག་བསྔལ་ཐམས་ཅད་ཡོངས་སུ་སྤངས་ཏེ། མྱ་ངན་ལས་འདས་པའི་གོ་འཕང་མངོན་དུ་བྱས་ནས། ལྷ་དང་མིར་བཅས་པའི་འཇིག་རྟེན་གྱི་མཆོད་པའི་གནས་སུ་གྱུར་པའི་སྤྲོ་བ་སྐྱེ་བ་དང་གཟེངས་བསྟོད་པའི་ལོ་རྒྱུས་ངོ་མཚར་བ་ཞིག འདི་མདོ་མཛངས་བླུན་༼ མདོ་སྡེ་ཨ་པ ༽གྱི་ལེའུ་བཅོ་ལྔ་པ་རབ་ཏུ་བྱུང་བའི་ཡོན་ཏན་བསྔགས་པའི་ལེའུ་ཞེས་བྱ་བ་༡༧༣ན༤ན་བཞུགས་སོ། །གཞན་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ། སཱ་ལུ་ལྗང་པའི་མདོ། སོར་ཕྲེང་ལ་ཕན་པའི་མདོ། གཟུགས་ཅན་སྙིང་པོར་གདམས་པའི་མདོ། ཁྱིམ་བདག་དཔལ་སྐྱེས་ཀྱི་མདོ་སོགས་མཉམ་དུ་བཞུགས།