5865

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་སེམས་ཀྱི་རྩ་ལྟུང་བཅོ་བརྒྱད
Tibetan Definition ༡ བདག་བསྟོད་གཞན་སྨོད་ཀྱི་རྩ་ལྟུང༌། ༢ ཆོས་ནོར་མི་སྟེར་བའི་རྩ་ལྟུང༌། ༣ བཤགས་ཀྱང་མི་ཉན་པའི་རྩ་ལྟུང༌། ༤ ཐེག་ཆེན་སྤོང་བའི་རྩ་ལྟུང༌། ༥ དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པའི་རྩ་ལྟུང༌། ༦ ལུང་གིཆོས་རྒྱལ་བས་མ་གསུངས་ཞེསསྤོང་བའི་རྩ་ལྟུང༌། ༧ ངུར་སྨྲིག་འཕྲོག་པའི་རྩ་ལྟུང༌། ༨ མཚམས་མེད་ལྔ་བྱས་པའི་རྩ་ལྟུང༌། ༩ ལོག་པར་ལྟ་བའི་རྩ་ལྟུང༌། ༡༠ གྲོང་སོགས་འཇོམས་པའི་རྩ་ལྟུང༌། ༡༡ བློ་མ་སྦྱངས་པ་ལ་སྟོང་ཉིད་བསྟན་པའི་རྩ་ལྟུང༌། ༡༢ རྫོགས་བྱང་ལས་བཟློག་ཏུ་འཇུག་སྟེ་ལོག་པའི་རྩ་ལྟུང༌། ༡༣ སོ་ཐར་སྤོང་བའི་རྩ་ལྟུང༌། ༡༤ ཉན་རང་གི་རང་གི་རྟོགས་པའིཆོས་ལ་སྨོད་པའི་རྩ་ལྟུང༌། རྩ་ལྟུང་བཅུ་བཞི་པ་འདི་ཉན་རང་གི་རྟོགས་པའི་ཆོས་ཀྱིས་སྲིད་པའི་རྩ་བ་གཅོད་མི་ནུས་པས་འཁོར་བ་ལས་གྲོལ་བར་བྱེད་མི་ནུས་ཞེས་སྨོད་ཅིང་སྤོང་བར་བྱེད་པས་རྩ་ལྟུང་དྲུག་པ་དང་མི་འདྲའོ༡༥ ཟབ་བརྫུན་སྨྲ་བའི་རྩ་ལྟུང༌། ༡༦ མཆོག་གསུམ་གྱི་དཀོར་ལེན་པའི་རྩ་ལྟུང༌། ༡༧ ཁྲིམས་ངན་འཆའ་བའི་རྩ་ལྟུང༌། ༡༨ བྱང་སེམས་གཏོང་བའི་རྩ་ལྟུང་དང་བཅོ་བརྒྱད་དོ། །