5867

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་སེམས་དཀར་དམར
Tibetan Definition 2 ཕ་ལས་ཐོབ་པའི་ཐིག་ལེ་དཀར་ཆའི་དྭངས་མ་ཧཾ་ཡིག་གི་རྣམ་པ་ཅན་དང༌། མ་ལས་ཐོབ་པའི་དམར་ཆའི་དྭངས་མ་གཏུམ་མོ་ཨ་ཐུང་གི་རྣམ་པ་ཅན་གཉིས། སྒྲ་བཤད་ནི། སྔགས་ཀྱི་སྐབས་སུ་ཐིག་ལེ་དཀར་དམར་ལ་བྱང་ཆུབ་ཀྱི་སེམས་སམ་བྱང་སེམས་ཞེས་མིང་གིས་བཏགས་པ་ནི། ལྟེ་བའི་གཏུམ་མོ་འབར་བ་དང་སྤྱི་བོའི་ཧཾ་ཡིག་ཞུ་བ་ལས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་འོད་གསལ་གྱི་རྟོགས་པ་རྒྱུད་ལ་སྐྱེ་བའི་གྲོགས་བྱེད་པས་བྱང་སེམས་ཞེས་འབྲས་མིང་རྒྱུ་ལ་བཏགས་པའོ། །