587

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱིམ་བདག་མགོན་མེད་ཟས་སྦྱིན
Tibetan Definition (འདུལ་བ) བཟང་སྦྱིན་ཞེས་བྱ་བ་བདག་ཅག་གི་སྟོན་པའི་སྦྱིན་བདག་ཁྱིམ་བདག་ཤིན་ཏུ་ཕྱུག་ལ་དད་པ་དང་གཏོང་ཕོད་ལྷག་པར་ཆེ་བ་ཞིག ཡོངས་གྲགས་སུ་ Anathapindika ཟེར། འདི་པཱ་ལིའི་སྐད་ཡིན་ནམ་སྙམ་ཞིང་། ལེགས་སྦྱར་གྱི་སྐད་དུ་Anathapindada ཡིན་ཞེས་འགའ་ཞིག་ཟེར། འདི་ལ་མིང་དངོས་ལ་བཟང་སྦྱིན་ཟེར། འདིས་སྟོན་པ་འཁོར་དང་བཅས་པ་མཉན་ཡོད་དུ་གདན་དྲངས་ནས་བཅོམ་ལྡན་འདས་ལ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཞེས་བྱ་བའི་ཀུན་དགའ་ར་བ་དེར་གཙུག་ལག་ཁང་ཡངས་ཤིང་རྒྱ་ཆེ་བ་ཞིག་བརྩིགས་ནས་ཕུལ་བས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ཞེས་ཡོངས་སུ་གྲགས་པ་དེ་བྱུང་བ་ཡིན་ནོ། །མ་ག་དྷ་བཟང་མོ་ཡང་ཁྱིམ་བདག་འདིའི་བུ་མོ་ཡིན་ནོ། །འདིའི་སྐོར་འདུལ་བ་ལུང་གཞི་གླེགས་བམ་༼ ག་པའི ༽༡༩༣བ༢ན་བཞུགས་སོ། །