5870

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱད་མ
Tibetan Definition 1 ངན་སྔགས་ཀྱིས་གནོད་པའི་བྱེད་པའི་བུད་མེད་ཀྱི་མིང་། སྤྱོད་འཇུག་ལས། སྟག་དང་སེང་གེ་གླང་ཆེན་དྲེད། །སྦྲུལ་དང་དགྲ་རྣམས་ཐམས་ཅད་དང༌། །སེམས་ཅན་དམྱལ་བའི་སྲུང་མ་དང༌། །བྱད་མ་དེ་བཞིན་སྲིན་པོ་རྣམས། །སེམས་འདི་གཅིག་པུ་བཏགས་པ་ཡིས། །དེ་དག་ཐམས་ཅད་བཏགས་པར་འགྱུར། །ཞེས་དང་། རྒྱལ་ཚབ་ཆོས་རྗེའི་སྤྱོད་འཇུག་དར་ཊཱིཀ་ལས། རིག་སྔགས་ཀྱིས་གནོད་པ་བྱེད་པའི་བྱད་མ་མཁའ་འགྲོ་མ་སོགས་དང༌། ཞེས་གསུངས། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས་ཀྱང་། སྤྱོད་འཇུག་ཏུ། བྱད་པ་དེ་བཞིན་སྲིན་པོ་རྣམས། །བྱ་བར། ཌཀིནསརཱ་ཀ་སསྟ་ཐཱ་སོགས་བྱུང་བས། དེ་ན་བྱད་ནི་ངན་སྔགས་ལ་གྲགས་པས་བྱད་མ་ནི་ངན་སྔགས་བྱེད་པའི་བུད་མེད་དང་། དེར་ཌ་ཀི་ནི་བྱ་བ་བསྒྱུར་འདུག་ཅེས་གསལ་བ་ལྟར་རོ། །