5874

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱམས་པ་གདན་འདྲེན
Tibetan Definition ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་སྐོར་ལམ་དུ་རྒྱལ་བ་བྱམས་པའི་སྐུ་བརྙན་གདན་ཞུ་བྱེད་པ་ནི། འཛམ་བུ་གླིང་པའི་མིའི་ཚེ་ཚད་ལོ་བཅུའི་བར་དུ་མར་འགྲིབ་སྟེ། དེ་ནས་སླར་རིམ་གྱིས་ཡར་འཕེལ་ནས་ཚེ་ལོ་བརྒྱད་ཁྲིའི་བར་གྱུར་པ་ན་རྒྱལ་བ་བྱམས་པ་མགོན་པོ་འཇིག་རྟེན་དུ་འབྱོན་པར་འགྱུར་བ་ཡིན་ལ། དེའི་ཚེ་འཁོར་གྱི་ཐོག་མར་སྐྱེ་བའི་རྟེན་འབྲེལ་འགྲིག་པའི་ཆེད་དུ་ད་ལྟ་སྐུ་བརྙན་སྤྱན་འདྲེན་བྱེད་པ་དང༌། དེ་ལ་ཕྱག་མཆོད་སྨོན་ལམ་སོགས་ཚུལ་བཞིན་དུ་བྱས་ན་དོན་དེ་འགྲུབ་པའི་དགོས་པ་ཡོད་པས་རྗེ་བདག་ཉིད་ཆེན་པོས་ཆོ་འཕྲུལ་མཆོད་པའི་དུས་སུ་བྱམས་པ་སྤྱན་འདྲེན་མཛད་པའི་སྲོལ་བཏོད། དེའི་རྒྱུན་ད་ལྟའི་བར་དུ་མ་ཉམས་པར་ཡོད། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་སངས་རྒྱས་བྱམས་པ་འཇིག་རྟེན་ན་མ་བྱོན་པའི་བར། མི་ལོ་བྱེ་བ་ཕྲག་ལྔ་བཅུ་ང་བདུན་དང༌། ས་ཡང་ཕྲག་དྲུག་ཡོད་པར་འགོས་ལོ་ཙཱ་བས་བཞེད་པ་དང་གསུང་རབ་ལས་བྱུང༌། ཞེས་ཀློང་རྡོལ་བླ་མ་གསུང༌།