From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བྱམས་པ་ཆེན་པོ
|
Tibetan Definition
|
(ཕར་ཕྱིན) བུ་ཆུང་ངུ་སྙིང་དུ་ཆེས་སྡུག་པ་བདེ་བས་ཕོངས་པ་ལ་མ་དེ་བྱམས་པ་ཇི་ཙམ་སྐྱེ་བ་དེ་ཙམ་པའི་བློའི་ཚོད་ཅིག་སེམས་ཅན་ཐམས་ཅད་ལ་རང་གི་ངང་གིས་སྐྱེ་བའི་བྱམས་པ་དེ། བྱམས་པ་ཆེན་པོའི་མཚན་ཉིད། རྗེའི་ལམ་རིམ་ཆེན་མོ་ལས། བུ་ཆུང་ངུ་སྙིང་དུ་ཆེས་སྡུག་པ་སྡུག་བསྔལ་བར་གྱུར་པ་ལ་མ་དེ་སྙིང་རྗེ་ཇི་ཙམ་སྐྱེ་བ་དེ་ཙམ་པའི་བློའི་ཚོད་ཅིག་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་རང་གི་ངང་གིས་སྐྱེ་བ་ན་སྙིང་རྗེ་ཆེན་པོའི་མཚན་ཉིད་ཚང་བར་གསུངས་སོ། །འདིས་བྱམས་པ་ཆེན་པོ་སྐྱེས་པའི་ཚད་ཀྱང་རིག་པར་བྱའོ། །ཞེས་གསུངས་སོ། །
|