5878

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱམས་པ་བསྒོམ་པའི་ཕན་ཡོན་བརྒྱད
Tibetan Definition (དབུ་མ) བྱམས་པ་བསྒོམ་པའི་ཕན་ཡོན་བརྒྱད་ནི། ༡ ལྷ་མི་བྱམས་པར་འགྱུར་བ། ༢ དེ་དག་གིས་བསྲུང་བ། ༣ ཡིད་བདེ་བ། ༤ ལུས་ཀྱི་བདེ་བ་མང་བ། ༥ དུག་གིས་མི་གནོད་པ། ༦ མཚོན་གྱིས་མི་གནོད་པ། ༧ འབད་པ་མེད་པར་འདོད་བྱའི་དོན་འཐོབ་པ། ༨ ལྷ་ཡུལ་དུ་སྐྱེ་བ་དང་བརྒྱད་དོ། །ཀླུ་སྒྲུབ་ཀྱི་རིན་ཆེན་ཕྲེང་བ་ལས༌། རྫེའུ་ཚོས་སུམ་བརྒྱའི་ཁ་ཟས་དག །ཉིན་རེ་དུས་གསུམ་སྦྱིན་པས་ཀྱང༌། །བྱམས་པ་ཡུད་ཙམ་ཐང་གཅིག་གི། །བསོད་ནམས་དག་ལ་ཆར་མི་ཕོད། །ལྷ་མི་བྱམས་པར་འགྱུར་བ་དང༌། །དེ་དག་ཀྱང་ནི་བསྲུང་བ་དང༌། །ཡིད་བདེ་བ་དང་བདེ་མང་དང༌། །དུག་དང་མཚོན་གྱིས་གནོད་མེད་དང༌། །འབད་པ་མེད་པར་དོན་འཐོབ་དང༌། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་མ་གྱུར་ཀྱང༌། །བྱམས་ཆོས་ཡོན་ཏན་བརྒྱད་འཐོབ་བོ། །ཞེས་གསུངས་སོ། །