5892

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱས་བསགས་གཉིས་ཀ་མ་ཚང་བའི་ལས
Tibetan Definition (ཕར་ཕྱིན) རྨི་ལམ་དུ་བྱས་པའི་ལས་ལྟ་བུ། བྱས་བསགས་གཉིས་ཀ་མ་ཚང་བའི་ལས་ནི། ལས་རྣམ་པར་འབྱེད་པ་ལས། དེ་ལ་བྱས་ཀྱང་མ་བྱས་ལ་བསགས་ཀྱང་མ་བསགས་པའི་ལས་ཡོད་དེ་དེ་གང་ཞེ་ན། ལས་གང་ཆེད་དུ་མ་བསགས་པར་བྱས་པ། རྨི་ལམ་ན་བྱས་པའམ་བྱེད་དུ་བཅུག་པ་ལྟ་བུ་སྟེ། ལས་དེ་ལྟ་བུ་ནི་བྱས་ཀྱང་མ་བྱས་ལ་བསགས་ཀྱང་མ་བསགས་པའོ། །ཞེས་གསུངས་སོ། །དོགས་གཅོད། རྨི་ལམ་དུ་བྱས་པའི་ལས་ལྟ་བུ། ལས་རྣམ་པར་འབྱེད་པའི་མདོ་ལས། བྱས་བསགས་གཉིས་ཀ་མ་ཚང་བའི་ལས་ལ་བཞག་ཡོད་ཀྱང་། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་སྐབས་དང་པོའི་སྤྱི་དོན་དེབ་གཟུགས་༣༦༠ལས། བྱས་ལ་མ་བསགས་པའི་ལས་ཀྱི་མཚན་གཞིར་བཞག་ཡོད་པས་དཔྱད་པར་འཚལ་ལོ། །