5893

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱས་བསགས་གཉིས་ཀ་ཚང་བའི་ལས
Tibetan Definition (ཕར་ཕྱིན) བསམ་བཞིན་དུ་དངོས་སུ་ཕ་རོལ་པོའི་སྲོག་བཅད་པའི་ལས་ལྟ་བུ། ལས་རྣམ་པར་འབྱེད་པ་ཞེས་བྱ་བའི་མདོ་༼ ས ༽༢༨༢ན་༤ལས། དེ་ལ་བྱས་ཀྱང་བྱས་ལ་བསགས་ཀྱང་བསགས་པའི་ལས་ཡོད་དེ་དེ་གང་ཞེ་ན། ལས་གང་བྱས་ནས་མི་འཛེམ་པ་དང་མི་ལྡོག་པ་དང་མི་འགྱོད་པ་དང་མི་སྨོད་པ་དང་མི་འཆགས་པ་དང་མི་མཐོལ་བ་དང་མི་འདོར་བ་དང་། མི་སྤོང་བ་དང་ཕྱིན་ཅད་མི་སྡོམ་པར་བྱེད་པ་སྟེ། ལས་དེ་ལྟ་བུ་ནི་བྱས་ཀྱང་བྱས་ལ་བསགས་ཀྱང་བསགས་པའོ། །ཞེས་གསུངས་སོ། །