59

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀཀྐོ་ལ
Tibetan Definition (ལེགས་སྦྱར) 1 མོ་མཚན་གྱི་གབ་ཚིག དཔེར་ན་ཀྱེ་རྡོར་གྱི་རྒྱུད་བརྟག་གཉིས་ལས། ནུ་མ་སྤངས་པ་བོལླར་གྱུར། །ཀཀྐོ་ལ་དབུས་ཡང་དག་གནས། །འགྲམ་གཉིས་དྲིལ་བུ་ཉིད་དུ་གྱུར། །ཅེས་གསུངས། རྒྱུད་བརྟག་གཉིས་ཀྱི་ཚིགས་བཅད་འདི་རྣལ་འབྱོར་མའི་བདག་བསྐྱེད་རྒྱས་པའི་ཁྲོད་དུའང་བཞུགས།  2 རྩི་ཤིང་ཞིག་གི་འབྲས་བུའི་མིང་། ཆེ་བ་སྟར་ཁ་ཙམ། དབྱིབས་འཇོང་ཟླུམ་དང་ཤུན་པར་གཉེར་མ་མང་ཞིང་ནང་ལ་ས་བོན་གྱིས་ཁེངས་ནས་ཡོད། རྒྱ་ནག་གི་སྐད་དུ། “ཆོ་ཀོ” ཟེར་ཞིང་། ཟས་ཀྱི་བྲོ་བ་འབྱིན་བྱེད་དང་སྨན་བྱེད་ཆོག་ཅེས་དག་ཡིག་གསར་བསྒྲིགས་སུ་གསལ།  3ཕྱི་རྒྱལ་གྱི་སྐད་དུ་བྷེ་རི་ (berry) ཞེས་པའི་ཤིང་འབྲས་དེའི་ལྗོན་པའི་མིང་།