From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| བྱིང་བ་གསུམ
|
| Tibetan Definition
|
(ཕར་ཕྱིན) 1 བྱིང་བ་ཕྲ་རགས་འབྲིང་གསུམ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་དྲིས་ལན་བློ་བཟང་བཞད་སྒྲ་ལས། ཏིང་འཛིན་གཡོ་མེད་བསྐྱངས་པའི་ཚེ། ཅུང་ཟད་དམིགས་པའི་ངོར་ཤོར་ན། །བྱིང་བ་ཕྲ་མོས་ཟིན་པ་ཡིན། །ངར་མེད་དྭངས་ཆ་ཡོད་པ་ནི། །བྱིང་བ་འབྲིང་ནི་སླེབས་པ་ཡིན། །དྭངས་པའང་མེད་ན་བྱིང་བ་ཆེ། །ཞེས་གསུངས་པ་ལྟར་རོ། །2 ངར་ཆ་ཞུམ་ལ་གསལ་ཆ་མ་ཞུམ་པ་ནི་བྱིང་བ་ཕྲ་མོ། གསལ་ཆ་ཞུམ་ལ་ངར་ཆ་མ་ཞུམ་པ་ནི་བྱིང་བ་འབྲིང༌། གཉིས་ཀ་ཞུམ་པ་ནི་བྱིང་བ་རགས་པའོ་ཞེས་མཁས་པ་གཞན་དག་གསུང་ངོ༌། །
|